འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་9ཉིན།

༄༅།།དམག་འཁྲུག་མཚམས་འཇོག་རྒྱུའི་ཐད་བླང་བྱ་4བཏོན་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་09ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     སུའུ་ཏན་ཕྱི་འབྲེལ་པུས་ཚེས་8ཉིན་གསལ་བསྒྲགས་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་ཉིན་ཤས་གོང་སུའུ་ཏན་གྱི་གདོང་གཏུག་ཕྱོགས་ལ་སྨྱུང་གནས་རིང་དགྲ་འཛིན་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་འབོད་སྐུལ་བྱས་པར་དགའ་བསུ་ཞུས་པ་མ་ཟད། སྨྱུང་གནས་སྲུང་བའི་ཐད་དམག་མཚམས་འཇོག་རྒྱུའི་ཐད་བླང་བྱ་ཁག་བཞི་བཏོན་པ་རེད། 
     གསལ་བསྒྲགས་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་རེ་འབོད་ལ་ཕན་འབྲས་ཐོན་ཆེད། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་ངེས་པར་དུ་སུའུ་ཏན་སྲིད་གཞུང་གི་བླང་བྱ་ཁག་4སྐོང་དགོས་པ་སྟེ། དེའི་ནང་དེ་གོང་སོ་ཏི་ཨ་རབ་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་ཏར་གྲོས་མོལ་བྱས་ནས་བཞག་པའི་གྲོས་མཐུན་ལག་བསྟར་བྱེད་སྐབས་གཏན་འབེབས་བྱས་པའི་འོས་འགན་ཚུད་ཡོད་པ་དང་། ཅེ་ཅི་ལ་མངའ་སྡེ་དང་སེན་ནར་མངའ་སྡེ། དེས་བཟུང་བའི་གྲོང་ཁྱེར་ཚང་མ་ཕྱིར་འཐེན་བྱས་ནས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་མཚམས་འཇོག་བྱ་རྒྱུ་སོགས་ཚུད་ཡོད་ཅེས་འཁོད་ཡོད་པ་རེད། 
     གསལ་བསྒྲགས་ནང་། དམག་མཚམས་བཞག་རྗེས། སུའུ་ཏན་སྲིད་གཞུང་གིས་རྒྱལ་ནང་གི་ཕྱོགས་ཁག་དང་གྲོས་མོལ་རྒྱ་ཁྱབ་བྱས་ནས་དགོས་ངེས་ཀྱི་ཆབ་སྲིད་བཀོད་སྒྲིག་བྱས་ཏེ། བར་བརྒལ་དུས་སྐབས་ལ་དོ་དམ་བྱ་རྒྱུ་དང་དེའི་རྗེས་སུ་འདེམས་བསྐོ་ཆེན་མོ་བྱས་ནས་མི་དམངས་ཀྱིས་གདམ་ག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།