འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་22ཉིན།

༄༅།།རང་རྒྱལ་གྱིས་སྲུང་སྐར་ཐེན་ཕིང་རྟགས་ཅན་གསུམ་པ་འཕེན་གཏོང་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་22ཉིན། 13:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་8དང་སྐར་མ་10ཡི་ཐོག རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་དྲུག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདར་བརྟེན་ནས་ཐེན་ཕིང་སྲུང་སྐར་རྟགས་ཅན་གསུམ་པ་བདེ་བླག་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྔོན་གཏན་འཁེལ་བ་ལྟར་སྲུང་སྐར་འཁོར་ལམ་ཐོག་བདེ་བླག་ངང་སླེབས་ནས། འཕེན་གཏོང་ལས་འགན་ལམ་ལྷོང་བྱུང་ཡོད་པ་རེད།