གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་06ཉིན། 14:03】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གོ་ཕྱི་སྐད་ཅུས་ཀྱི་རིག་གནས་ཁྱབ་སྤེལ་ལྟེ་གནས་དང་ཁེ་རོ་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་པའི“སྣ་མང་གི་ཤེས་རིག ཐུན་མོང་གི་འཛམ་གླིང་།”གོ་ལ་ཧྲིལ་པོའི་གཞོན་ནུའི་ཕྱོགས་མང་པོ་ནས་གླེང་མོལ་བྱེད་པའི་བྱེད་སྒོ་ཉིན་ཤས་གོང་ཁེ་རོ་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་རེད།
བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་ནུས་ལྡན་བྱེད་པ། ཆོས་ལུགས་དད་མོས་འགན་ལེན་བྱེད་པ། དམངས་འཚོ་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་པ་དང་འབྲེལ། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཨེ་ཅིབ་ཀྱི་གཞོན་ནུ་དེ་བས་མང་བས་བོད་ལྗོངས་ཤེས་རྟོགས་ཐུབ་པ་དང་། ཕྱོགས་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨེ་ཅིབ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་བོད་ལྗོངས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཨེ་ཅིབ་ཀྱི་མཐོ་སློབ་མང་པོ་ནས་ཡོང་བའི་དགེ་སློབ་འཐུས་མི་100ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད།