འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་20ཉིན།

༄༅།།ཐེ་རོན་ཕུ་ཡིས་ཚེས་20ཉིན་དོན་འདི་བསྒྲགས་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་20ཉིན། 15:18】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས་18ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་བདམས་ཐོན་བྱུང་བའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་འགན་བཞེས་རྗེས་TikTokལ་ཉིན་90ཡི་བཀག་རྒྱ་ལག་བསྟར་བྱེད་པའི་དུས་ཡུན་ཕྱིར་འགྱངས་བྱེད་སྲིད་ཅེས་བཤད་པ་རེད། ཐེ་རོན་ཕུ་ཡིས་ཁོང་གིས་མཐའ་མའི་གཏན་འབེབས་བྱས་མེད་མོད། འོན་ཀྱང་ཟླ་1ཚེས་19ཉིན་གྱི་མཐའ་མའི་དུས་བཀག་ཉིན་90རིང་དུ་གཏོང་རྒྱུར་བསམ་གཞིག་བྱེད་བཞིན་ཡོད་པ་མ་ཟད། ཟླ་1ཚེས་20ཉིན་གཏན་འབེབས་དེ་ཁྱབ་བསྒྲགས་བྱེད་སྲིད་ཅེས་བཤད་པ་རེད།