ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་07ཉིན། 13:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་གོ་མཚོན་ཚན་ཞིབ་སྲོལ་ཡིག》ཁྱབ་བསྒྲགས་གནང་བ་དང་། 2025ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གཏིང་ཟབ། གོ་མཚོན་ཚན་ཞིབ་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ། དུས་བབ་གསར་པའི་འོག་གི་གོ་མཚོན་ཚན་ཞིབ་ལས་དོན་གྱི་གཞི་རྩའི་བླང་བྱ་དང་ལམ་ལུགས་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་རྒྱུ་དེ་ནི་དམག་དཔུང་གི་གོ་མཚོན་ཚན་ཞིབ་ལས་དོན་གྱི་གཞི་རྩའི་ཁྲིམས་སྲོལ་ཡིན་ཞེས་འཁོད་ཡོད།
《སྲོལ་ཡིག》ལ་ཁྱོན་ལེའུ་8དང་དོན་ཚན་49ཡོད་ཅིང་། དུས་རབས་གསར་པའི་གོ་མཚོན་སྒྲིག་ཆས་དེང་རབས་ཅན་གྱི་དོ་དམ་མ་ལག་གསར་གཏོད་དང་འཛུགས་སྐྱོང་བྱེད་པའི་བླང་བྱ་དང་འཚམ་པར་བྱས་ཏེ་སྤུས་ཚད་མཐོ་བ་དང་། ཕན་འབྲས་བཟང་བ། མ་གནས་དམའ་བ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མངོན་གསལ་དོད་པོས་འཛུགས་པ་དང་། རང་བརྟེན་གསར་གཏོད་དང་། རང་བརྟེན་ཞིབ་བཟོ། རང་བརྟེན་ཚོད་འཛིན་རུང་བ། སྒོ་དབྱེ་སྤེལ་རེས་བཅས་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་སྟེ་གོ་མཚོན་ཚན་ཞིབ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་ཡོང་བར་བྱེད་དགོས་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གོ་མཚོན་འཛུགས་སྐྱོང་གི་ཕྱོགས་སྒྱུར་བླང་བྱ་དོན་འཁྱོལ་བྱས་ཏེ་འཆར་འགོད་འཆར་གཞི་དང་། རྣམ་གྲངས་ཀྱི་མཆན་འགོད། རྣམ་གྲངས་དོ་དམ་སོགས་ཀྱི་བརྒྱུད་རིམ་དང་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། རིགས་དབྱེ་དོ་དམ་མངོན་གསལ་དོད་དུ་བཏང་ནས་གོ་མཚོན་སྔོན་ནས་ཞིབ་འཇུག་དང་། གོ་མཚོན་ཞིབ་བཟོ། གོ་མཚོན་ཕྱོགས་བསྡུས་ཞིབ་འཇུག་སོགས་རྣམ་གྲངས་རིམ་དབྱེ་རིགས་དབྱེའི་སྒོ་ནས་དོ་དམ་གསར་གཏོད་དང་ལག་ལེན་བསྟར་དགོས་པ། སྤུས་ཕན་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་གོ་མཚོན་ཚན་ཞིབ་ཀྱི་སྤུས་ཚད་དོ་དམ་ཚོད་འཛིན་དང་། མ་གནས་དོ་དམ་ཚོད་འཛིན། ཞིབ་བཤེར་རྩིས་ལེན་གྱི་དཔྱད་དཔོག གྲུབ་འབྲས་དོ་དམ། བྱ་ཐབས་ཀྱི་འདེགས་སྐྱོར། བདེ་འཇགས་གསང་སྲུང་སོགས་ལ་བརྒྱུད་རིམ་ལྡན་པའི་ཚད་གཞི་བཟོ་དགོས་པ། ལྟ་སྐུལ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་རིགས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་དང་། ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར་བྱེད་ཐབས། ཞིབ་ཕྲའི་འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ་བཅས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་འཁོད་ཡོད། 《སྲོལ་ཡིག》ཁྱབ་བསྒྲགས་དང་ལག་ལེན་བསྟར་བ་དེས་དམག་དཔུང་གི་གོ་མཚོན་ཚན་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།