འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧར་པིན་དུ་གཟབ་རྒྱས་ངང་འགོ་ཚུགས་པ།

ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་ནས་སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ། ཚའེ་ཆི་དང་ཨེ་ཤེ་ཡའི་ས་ཁུལ་ཁག་གི་འགོ་ཁྲིད་པ་དང་སྐུ་མགྲོན་སོགས་ཕེབས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་09ཉིན། 11:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་2ཚེས་7ཉིན་གྱི་དགོང་མོར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆ་ནས་ཚང་མར་ཕྱག་གཡུག་གཡུག་གནང་བཞིན་པ།

ཟླ་2ཚེས་7ཉིན་གྱི་དགོང་མོར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆ་ནས་ཚང་མར་ཕྱག་གཡུག་གཡུག་གནང་བཞིན་པ།

ཟླ་2ཚེས་7ཉིན་གྱི་དགོང་མོར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འགོ་ཚུགས་མཛད་སྒོར་ཞུགས་པ།

ཟླ་2ཚེས་7ཉིན་གྱི་དགོང་མོར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འགོ་ཚུགས་མཛད་སྒོར་ཞུགས་པ།

    འདི་ག་ཚགས་པར་ཁང་དུ་ཧར་པིན་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གངས་འཁྱགས་ཀྱི་ཕུགས་འདུན་ལས་འོད་སྣང་རབ་ཏུ་འཕྲོ། ཨེ་ཤེ་ཡའི་སེམས་མཐུན་གྱི་བརྗིད་ཆེའི་ལེའུ་མཉམ་དུ་རྩོམ། ཚེས7ཉིན་གྱི་དགོང་མོར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་ནས་སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

    ཚའེ་ཆི་དང་ཨེ་ཤེ་ཡའི་ས་ཁུལ་ཁག་གི་འགོ་ཁྲིད་པ་དང་སྐུ་མགྲོན་སོགས་འགོ་ཚུཌ་མཛད་སྒོར་ཕེབས་པ་རེད།

    ས་རུབ་སྐབས་ཧར་པིན་རྒྱལ་སྤྱིའི་ཚོགས་འགྲེམས་ལུས་རྩལ་ལྟེ་གནས་ཀྱི་གློག་སྒྲོན་ལས་འོད་གསལ་ལྷང་ངེར་འཕྲོ་བ་དང་། འགོ་ཚུགས་མཛད་སྒོ་འགོ་མ་ཚུགས་གོང་ཧེ་ལུང་ཅང་གི་ས་གནས་ཁག་གི་མང་ཚོགས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱས་པས་ས་གནས་ས་ཐོག་གི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།

    ཆུ་ཚོད་19དང་སྐར་མ་58ལ《ཞི་བདེ—ལས་དབང་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་དང་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧུའོ་ཀྲེན་ཐིང་སོགས་དང་ལྷན་དུ་ཀྲུའུ་ཞི་སྡིངས་ཆར་ཕེབས་ཏེ་ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གནང་བས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་ཡུན་རིང་གྲགས།

    《ཀྲུང་གོ་ང་ཁྱེད་ལ་དགའ》ཞེས་པའི་བརྩེ་བས་ཕྱུག་པའི་འགྱུར་ཁུག་དང་སྦྲགས་གཟབ་སྦྲེང་དམག་བརྒྱད་ཀྱིས་གོམ་སྟབས་ཡང་མོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྲུང་བཞིན་ཚོགས་རར་བསྐྱོད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས།

    བརྙན་ཤེལ་ཆེན་པོའི་ཐོག་པར་གཞི་ཐུང་གྲས《བཀྲ་ཤིས་པའི་དུས་བཟང》ཞེས་པ་བསྟན་པ་དང་ལུས་ལ་དཔྱིད་གསར་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་བྱིས་པས་ལག་ཏུ་འཁྱགས་སྒྲོན་འཁྱེར་ནས་ཧར་པིན་གྲོང་ཁྱེར་གྱི་ས་ཁམས་མཚོན་རྟགས་སྤར། དེ་རྗེས་མགྲོན་བསུའི་འཁྲབ་སྟོན《འཁྱགས་སྒྲོན་གྱིས་ཕུགས་འདུན་གྱི་སྒོ་མོ་འབྱེད》ཅེས་པ་འཁྲབ་འགོ་ཚུགས་ནས། མགྲོན་བདག་རྒྱལ་ཁབ་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་བསུ་བའི་སྤྲོ་སེམས་རབ་ཏུ་མངོན།

ཆུ་ཚོད་20དང་སྐར་མ་08ལ་ལུས་རྩལ་པ་ཚོགས་རར་སྐྱོད་འགོ་ཚུགས། 《གངས་འཁྱགས་ཀྱི་ཨེ་ཤེ་ཡ》ཞེས་པའི་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་རྒྱལ་ཁབ་དང་ས་ཁུལ་34ནས་ཡོང་བའི་ལུས་རྩལ་འཐུས་མི་ཚོགས་པ་གཅིག་རྗེས་གཉིས་མཐུད་ངང་ཚོགས་རར་འཛུལ་ཡོང་བར་ལྟད་མོ་བ་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་ངར་ཤུགས་འཕེལ་བའི་འགྱུར་ཁུག་ཁྲོད་མགྲོན་བདག་རྒྱལ་ཁབ་ཀྲུང་གོའི་འཐུས་མི་ཚོགས་པ་ཚོགས་རར་མཇུག་ཤོས་འཛུལ་ཡོང་བ་དང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཡར་བཞེངས་ནས་ཕྱག་གཡུག་གཡུག་གནང་བས། ཚོགས་ར་ཡོངས་ནས་དགའ་སྤྲོ་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས། ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི་257ཡོད་པའི་ནང་འགྲན་བསྡུར་ལ་ཞུགས་མཁན་170ཡོད་པ་དེ་དག་གིས་སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས་6དང་རྣམ་གྲངས་ཆུང་གྲས་64ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཧེ་ལུང་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་ལེང་ཧུའེ་ལིང་གིས་ཤིས་ཚིག་སྒྲོན་སྐབས། སྒྲིག་འཛུགས་ཨུ་ལྷན་དང་ཧེ་ལུང་ཅང་གི་མི་དམངས་ཁྲི་3000ལྷག་ཙམ་གྱི་ཚབ་ཞུས་ཏེ། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཁོང་ཚོས་འགྲན་རའི་ཐོག་རང་ཉིད་ལས་ཚད་བརྒལ་དང་། ཉམས་འགྱུར་མངོན་པ། ཕུཌ་འདུན་དོན་གཉེར། མཛའ་གྲོགས་ཐོབ་པའི་སྨོན་འདུན་ཞུས་པ་རེད།

    ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ངོ་མཚར་ཆེ་བའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་འགོ་ཚུགས་ཉེར་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྣ་ཚོགས་མཉམ་སྤྱོད་གང་ལེགས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་ཨེ་ཤེ་ཡའི་ལུས་རྩལ་གྱི་འོད་སྟོང་གསར་པ་འཕྲོ་བའི་བརྗིད་ཆེའི་འཆར་གཞི་བཏིང་སྟེ། ནུས་ཤུགས་གཅིག་སྒྲིལ་གྱིས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་ཚོགས་པའི་སྙན་འཇེབས་ལྡན་པའི་རོལ་དབྱངས་དཀྲོལ་དགོས་ཞེས་གསུངས་པ་རེད།

    ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧུའོ་ཀྲེན་ཐིང་གིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོས་ཨེ་ཤེ་ཡའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ལ་ཁས་ལེན་གནང་བ་དང་། ཀྲུང་གོ་སྲིད་གཞུང་དང་། ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་། ཧར་པིན་གྲོང་ཁྱེར་སྲིད་གཞུང་བཅས་དང་། དེ་བཞིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གྲ་སྒྲིག་ཚགས་ཚུད་པོ་དང་མཐུན་སྒྲིལ་མཉམ་ལས་བྱས་པ་དང་། དེ་བཞིན་ལུས་རྩལ་པ་དང་། ལྟད་མོ་བ། ལས་དོན་པ་བཅས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཧར་པིན་ནི་སྒྱུ་འཕྲུལ་གྱི་གངས་འཁྱགས་གྲོང་ཁྱེར་ཞིག་རེད་ཅེས་བསྔགས་བརྗོད་ཀྱང་གནང་བ་རེད།

     ཆུ་ཚོད་20དང་སྐར་མ་51གི་ཐོག འགོ་ཚུགས་མཛད་སྒོ་མི་སེམས་འགུལ་བའི་དུས་སུ་སླེབས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། དེ་མ་ཐག་ཚོགས་ར་ཡོངས་འཁྲུག་ཆ་དོད་པོར་གྱུར་ནས་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་དང་། མཚན་མོའི་མཁའ་དབྱིངས་སུ་ཚོན་མདོག་རྣམ་པར་བཀྲ་བའི་ཤོག་སྦག་སྤར།

    རང་རྒྱལ་གྱི་ཕུལ་བྱུང་ལུས་རྩལ་པའི་འཐུས་མི་དྲུག་གིས་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་ཁྱེར་ནས་ཚོགས་རར་བསྐྱོད་པ་དང་། ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གླུ་དང་སྦྲགས་ཚོགས་དར་དལ་བུར་བསྒྲེངས་ཏེ་སྐར་ལྔའི་དར་དམར་དང་མཉམ་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

     ལུས་རྩལ་པ་ཉིང་ཀྲུང་ཡན་དང་ཚའེ་ཞུའེ་ཐུང་དང་ཤན་འབྱེད་པ་ཀྲང་ཁྲུན་ཧུའེ་དང་ཁྲེན་ཝུན་ཧུང་སོ་སོས་འགྲན་ཞུགས་ལུས་རྩལ་པ་ཡོངས་དང་ཤན་འབྱེད་པའི་ཚབ་ཞུས་ཏེ་དམ་བཅའ་བཞག

    ཆུ་ཚོད་21དང་སྐར་མ་24ཡི་ཐོག་དཔལ་འབར་གཙོ་བོ་སྤོར་བའི་མཛད་སྒོ་འགོ་ཚུགས་ཤིང་། བརྙན་ཤེལ་ཆེན་པོའི་ཐོག་ཧར་པིན་གངས་འཁྱགས་འཛམ་གླིང་ཆེན་པོའི་ཡན་ལག་ཚོགས་ར་དང་མཉམ་འགུལ་བྱས་ནས། དབྱང་དབྱང་དང་། ཧན་ཞའོ་ཕེན། ཝང་ཀྲེན། ཀྲང་ཧུང་སོགས་དཔལ་འབར་བ་བཞི་ཡིས་དཔལ་འབར་བརྒྱུད་སྤྲོད་བྱས་པར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་གྲགས། ལག་ཏུ་འཁྱགས་སྒྲོན་འཁྱེར་བའི་ཕྲུ་གུ་ཚོས་དཔལ་འབར་བ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་དཔལ་འབར་གཙོ་བོ་མཉམ་དུ་སྤར་བ་དང“གངས་ཁྲོད་ལི་ཤིའི་མེ་ཏོག”ལྷུག་པོར་གྲོལ་བ་དང་། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ལྷབ་ལྷུབ་ཏུ་འབར།

    ཚོགས་ར་ཡོངས་སུ་བརྗོད་དོན་གཙོ་བོའི་གླུ་གཞས《ཨེ་ཤེ་ཡར་བཀྲག་མདངས་འཚེར》ཞེས་པ་བླངས་ཤིང་། ལུས་རྩལ་ཁང་ཧྲིལ་པོར་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས།