འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།ཞིང་ཆེན་14ཡི་སྤྱི་འདོམས་ཁུལ་117དུ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་ནས་ཞིང་ཆེན་གཞན་དུ་སྨན་རིན་སྤྲོད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་10ཉིན། 10:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་2ཚེས་4ཉིན་བར་རང་རྒྱལ་གྱི་ཞིང་ཆེན་14(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཡི་སྤྱི་འདོམས་ཁུལ་117དུ་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་ལས་སྟེགས་ཤར་གཏོང་ཐུབ་ནས་མི་སྒེར་གྱི་རྩིས་ཁྲ་ནས་ཞིང་ཆེན་གཞན་དུ་སྨན་རིན་སྤྲོད་ཐུབ་ཅིང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ས་ཁུལ་གཞན་དག་ཏུ་ལས་སྟེགས་དེ་ཤར་གཏོང་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འབྲེལ་ཡོད་ལས་སྒོའི་བརྒྱུད་རིམ་མུ་མཐུད་ལེགས་སུ་གཏོང་རྒྱུ་ཡིན་པ་རེད། མིག་སྔར་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ལས་སྟེགས་ཤར་གཏོང་ཐུབ་པའི་ཞིང་ཆེན་ནི་ཧོ་པེ་དང་། ནང་སོག ཧྲང་ཧའེ། ཅང་སུའུ། ཨན་ཧུའེ། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། བོད་ལྗོངས། ཀན་སུའུ་བཅས་ཡིན། དེའི་ནང་ཧོ་པེ་དང་། ཧོ་ནན། ཨན་ཧུའེ། བོད་ལྗོངས། སི་ཁྲོན། ཧུའུ་པེ་བཅས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་སྡེ་ཚན་དྲུག་གིས་ཞིང་ཆེན་ཡོངས(རང་སྐྱོང་ལྗོངས)ཀྱི་ཁྱབ་ཁོངས་སུ་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ལས་སྟེགས་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པར་བྱས་ཡོད།

     2024ལོའི་ཟླ་12ཚེས་2ཉིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་ནས་ཞིང་ཆེན་གཞན་དུ་སྨན་རིན་དངོས་སུ་སྤྲོད་འགོ་ཚུགས་ཤིང་། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་ནས་ཞིང་ཆེན་གཞན་དུ་རང་ཉིད་ཀྱི་གཉེན་ཉེར་གྲོང་མིའི་སྨན་བཅོས་འགན་བཅོལ་དང་སྨན་བཅོས་འགྲོ་གྲོན་གཏོང་ཆོག་གི་ཡོད་པ་རེད།