ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ བསྡུར་གྱི་ཉིན་དང་པོར།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་11ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧར་པིན་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གྱི་ཉིན་དང་པོར་གསེར་གྱི་རྟགས་མ་17ཐོན་པའི་ནང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་8རག་ཅིང་། ལི་ཧྥང་ཧུའེ་ལ་རང་མོས་གངས་ཤུད་ཀྱི་བུད་མེད་ཀྱི་Uདབྱིབས་འགྲན་རའི་ཐབས་རྩལ་གྱི་ཨང་དང་པོ་ཐོབ་ནས་ཀྲུང་གོའི་འཐུས་མི་ཚོགས་པར་སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་རག་ཡོད།
མྱུར་འགྲན་གངས་ཤུད་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་ལ་འགྲན་བསྡུར་གྱི་ཉིན་དང་པོར་གསེར་གྱི་རྟགས་མ་3རག་ཅིང་། ཉིང་ཀྲུང་ཡན་ལ་སྐྱེས་པའི་སྨི་1500ཡི་ཨང་དང་པོ་ཐོབ་པ་མ་ཟད། རྣམ་གྲངས་དེའི་ཡ་གླིང་གི་ཟིན་ཐོ་དང་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧན་མེ་དང་། དབྱང་པིན་ཡུས། དབྱིན་ཆི་གསུམ་པོ་བུད་མེད་ཀྱི་སྨི་1500ཡི་མདུན་གྲལ་གྱི་ཨང་གསུམ་པར་སླེབས་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཀའོ་ཐིང་ཡུས་ལ་སྐྱེས་པའི་སྨི་100ཡི་ཨང་དང་པོ་ཐོབ་ཡོད། རྒྱུག་ཐུང་མྱུར་ཤུད་འགྲན་རར་ལིན་ཞའོ་ཅུན་ལ་སྐྱེས་པའི་སྨི་500ཡི་གསེར་གྱི་རྟགས་མ་རག་ཡོད།
བྱེས་བགྲོད་གངས་ཤུད་ཀྱི་བུད་མེད་མི་སྒེར་གྱི་ཐག་ཐུང(སྲོལ་རྒྱུན་ལག་རྩལ)གི་མཐའ་བསྡུར་ནང་ལི་ལེའི་ལ་གསེར་གྱི་རྟགས་མ་རག་པ་དང་། དེ་ནས་མི་རིང་བར་སྐྱེས་པའི་མི་སྒེར་གྱི་ཐག་ཐུང་(སྲོལ་རྒྱུན་ལག་རྩལ)གི་མཐའ་བསྡུར་ནང་ཝང་ཆང་ལ་ཨང་དང་པོ་ཐོབ་ཡོད།
ཡ་པང་གངས་ཤུད་ཀྱི་བུད་མེད་ཀྱི་གྱེན་འགག་སྒྲོལ་རྩལ་གྱི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཀྲང་ཞའོ་ནན་དང་ཞོང་ཧྲི་རུའེ་ཡིས་རྩལ་ནུས་ལེགས་པར་ངོམ་ནས་རྣམ་གྲངས་དེའི་ཨང་དང་པོ་དང་གཉིས་པ་གཉིས་ཀ་ཐོབ་ཡོད། (འདི་ག་ཚགས་པར་གྱི་གསར་འགོད་པ་ལིའུ་ཧྲའོ་དབྱང་དང་།