འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།2024ལོར་ཐོ་འགོད་བྱས་པའི་ཁེ་ལས་ཀྱི་གྲངས་འབོར་དུས་མཚུངས་ལས་5.1%འཕར་བ།

ཁེ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་11ཉིན། 10:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལས་མངོན་པར། 2024ལོར་རང་རྒྱལ་གྱི་ཐོ་འགོད་བྱས་པའི་ཁེ་ལས་ཀྱི་གྲངས་འབོར་ཁྲི་6122.6ཟིན་པ་དེ་2023ལོའི་ལོ་མཇུག་ལས་5.1%འཕར་ཡོད་པ་རེད།

   “གྲངས་གཞི་དེ་སྤྱིར་བཏང་ཞིག་མིན་ཏེ། 2024ལོར་ང་ཚོས་ཀུང་སིའི་ཐོ་འགོད་མ་རྩ་རྗེས་འདོན་ཐོ་འགོད་ལམ་ལུགས་ལ་སྒྱུར་བཅོས་བྱས་པ་ཡིན། སོར་གནས་དང་གསར་དུ་བཙུགས་པའི་ཀུང་སི་ཚང་མ་འཇོན་ཐང་ངེས་ཅན་ལྡན་ལ་ཏན་ཏན་ཏིག་ཏིག་གིས་ཐོ་འགོད་མ་རྩ་སྤྲོད་འགན་ལེན་ཐུབ་པའི་ཀུང་སི་ཤ་སྟག་ཡིན་པས་འཕར་ཚད་ཀྱི་རྒྱབ་ཏུ་དེ་བས་གཏིང་ཟབ་པའི་དོན་སྙིང་ནི་སྤུས་ཚད་མཐོ་རུ་ཕྱིན་པ་དེ་རེད”ཅེས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས།

    ཁེ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། 2024ལོར་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས་160ཡས་མས་བར་འཕར་ནས་ཅུང་ལེགས་པའི་མཚམས་སུ་གནས་ཡོད། 2024ལོའི་ཟླ་12པར་ཀྲུང་གོའི་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས་160.68ལ་སླེབས་ནས་རྒྱལ་ཡོངས་ཁེ་ལས་ཀྱི་ཡིད་རྟོན་ཆུ་ཚད་བརྟན་པོའི་ངང་འཕར་ཡོད། དེའི་ཁྲོད་བློས་འགེལ་རང་བཞིན་གྱི་དམིགས་ཚད་དབྱེ་བ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) གཉེར་སྐྱོང་རང་བཞིན་གྱི་དམིགས་ཚད་དབྱེ་བ། འབྲེལ་བཅས་རང་བཞིན་གྱི་དམིགས་ཚད་དབྱེ་བ་བཅས་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། ནོར་དོན་རང་བཞིན་གྱི་དམིགས་ཚད་དབྱེ་བ་དང་། ལུགས་མཐུན་རང་བཞིན་གྱི་དམིགས་ཚད་དབྱེ་བ། ལྟ་འདོམས་རང་བཞིན་གྱི་དམིགས་ཚད་དབྱེ་བ་བཅས་གོང་མཚུངས་དང་བསྡུར་ན་འཕར་ཡོད། 2024ལོའི་དུས་ཚིགས་བཞི་པར་ཀྲུང་གོའི་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས་159.84ལ་སླེབས་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་སྟོན་གྲངས་དང་བསྡུར་ན་འཕར་ཚད་མངོན་གསལ་དོད་པ་དང་ཁེ་ལས་ཀྱི་ཡིད་རྟོན་སྟོན་གྲངས་སྤྱི་ཡོངས་མཐོ་པོར་སླེབས་ཡོད་པ་རེད།

    “གསར་པ་བཞིའི”(ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ། རྣམ་པ་གསར་པ)དཔལ་འབྱོར་ལ་གསོན་ཤུགས་རྒྱས་ཤིང་། 2024ལོར“གསར་པ་བཞིའི”དཔལ་འབྱོར་ཁྱབ་ཁོངས་སུ་གསར་དུ་བཙུགས་པའི་ཁེ་ལས་གྲངས་འབོར་གྱིས་གསར་དུ་བཙུགས་པའི་ཁེ་ལས་བསྡོམས་འབོར་གྱི་བཅུ་ཆ་བཞི་ཡས་མས་བཟུང་ཡོད།