འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་12ཉིན།

༄༅།།ཀྲུང་གོའི་ཚྭ་མཚོའི་ཐོན་ལས་ཆེ་ཤོས་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་12ཉིན། 10:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2ཚེས་8ཉིན། ཀྲུང་གོའི་ཚྭ་མཚོ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་དུ་སྒོ་བྱང་བཀལ་ཏེ་བཙུགས་པ་དེ་ཐོག་ནས། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་ཝུའུ་ཁེང་ཚོགས་པ་དང་ལག་གདང་སྦྲེལ་ཏེ་བསྐྲུན་པའི་ཀྲུང་གོའི་ཚྭ་མཚོའི་ཐོན་ལས་གཙོ་བོ་ལས་འགོ་ཚུགས་པ་མཚོན་གྱི་ཡོད།

    ཀྲུང་གོའི་ཚྭ་མཚོའི་ཐོན་ལས་བཙུགས་པ་དེ་ནི་མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་ཝུའུ་ཁེང་ཚོགས་པས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་གང་མགྱོགས་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དོན་ཐོག་ཏུ་འཁྱོལ་བའི་བྱེད་ཐབས་ཤིག་ཡིན་ལ། ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་མཉམ་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད། ཀྲུང་གོའི་ཚྭ་མཚོའི་ཐོན་ལས་ནི་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཧུའེ་ཤིན་རྒྱུ་ནོར་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སི། ཝུའུ་ཁེང་ཚྭ་མཚོ་ཚད་ཡོད་ཀུང་སི་བཅས་ཁེ་ལས་གསུམ་ལས་གྲུབ་ཞིང་། དེར་ལས་མི་15000ལྷག་ཙམ་ཡོད་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་100ཟིན་གྱི་ཡོད། ཚོགས་པའི་ཐོན་སྐྱེད་རྟེན་གཞིར་རྒྱལ་ཡོངས་ཀྱི་ཆེ་ཤོས་དང་འཛམ་གླིང་གི་ཨང་གཉིས་པ་ཡིན་པའི་བཞུ་རུང་རང་བཞིན་གྱི་ཅཱ་མཱེ་ཚྭ་ཡི་གཏེར་གཞིའི་ཁྲ་ཨེར་ཧན་ཚྭ་མཚོ་དང་ཟི་སྐྱུར་རྨེ་རིགས་ཚྭ་རིགས་ཀྱི་ཕྱོགས་བསྡུས་གཏེར་གཞི་ཆེ་གྲས་དབྱི་ལི་ཕིང་ཚྭ་མཚོ་ཚུད་ཡོད་པ་དང་། གཏེར་འདོན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་4060ཙམ་ཡོད། དེར་འཛམ་གླིང་ཐོག་གི་ཁིལ་འགྱུར་ཅཱ་ལས་སྣོན་ལག་རྩལ་ཆ་ཚང་ཁོང་དུ་ཆུད་ཡོད་པ་མ་ཟད། ཚྭ་མཚོ་ནས་ཅཱ་འདོན་པ་དང་ཚྭ་མཚོ་ནས་ལིས་འདོན་པའི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལག་རྩལ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཚོགས་པར་ད་ཆ་ལོ་རེར་ཅཱ་ལུད་ཏུན་ཁྲི་530དང་། ལོ་རེར་ལིས་ཚྭ་ཏུན་ཁྲི་5.8 ལོ་རེར་ཚྭ་མཚོ་ཏུན་100བཅས་ཀྱི་རྫས་འགྱུར་བཟོ་ལས་ཐོན་རྫས་ཀྱི་ཐོན་ནུས་ལྡན་ཞིང་། དེ་ནི་རྒྱལ་ཡོངས་ཀྱི་ཅཱ་ཚྭ་དང་ཚྭ་མཚོ་ལིས་ཚྭ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དེ་རེད།

    ཀྲུང་གོ་ཝུའུ་ཁེང་ཚོགས་པའི་འགན་ཁུར་བས་བརྗོད་དོན། འབྱུང་འགྱུར་ནུས་ཤུགས་ཡོད་རྒུས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་ཚྭ་མཚོའི་ཐོན་ཁུངས་རྒྱུ་ཆར་བསྒྱུར་བ་དང་། རྒྱུ་ཆ་ཐོན་རྫས་སུ་བསྒྱུར་བ། ཐོན་རྫས་ཐོན་སྐྱེད་ལམ་རིམ་དུ་བསྒྱུར་བ་བཅས་བྱས་ཏེ། མཐར་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་རིན་ཐང་ཆེ་ཤོས་མངོན་འགྱུར་ཐུབ་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཐོན་ཁུངས་ནུས་རྒྱུའི་བདེ་འཇགས་འགན་ལེན་གྱི་ནུས་པ་ཆེ་ཤོས་ཀྱི་ཐོག་ནས་མཐོ་རུ་གཏོང་རྒྱུ་རེད།