འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་12ཉིན།

༄༅།།འཇར་མན་གྱི་དབྱི་ཏ་སི་ཨར་སྐྲུན་གླེང་སྟེགས་ནས་ཧྲེན་ཀྲེན་གྱི་ཨར་ལས་ལག་ལེན་ལ་དོ་ཁུར་བྱེད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་12ཉིན། 10:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པེར་ལིན་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་ཨར་སྐྲུན་ལས་རིགས་སུ་སྐད་གྲགས་ཆོད་པའི་འཇར་མན་གྱི་དབྱི་ཏ་སི་ཨར་སྐྲུན་གླེང་སྟེགས་ཐོག“དབྱར་མཚོ་རྒྱས། རྨང་གཞིའི་སྒྲིག་བཀོད་སྤྱི་ཕན་ཅན་གྱི་བར་མཐོངས་ལག་ལེན་དང་དེ་བཞིན་ཧྲེན་ཀྲེན་གྱི་ཞིབ་འཇུག་འགྲེམས་སྟོན”ཞེས་པའི་ཀྲུང་གོའི་འགྲེམས་སྟོན་ཟླ་3ཚེས་8ནས་19ཉིན་བར་བྱ་རྒྱུ་ཡིན་པ་རེད། འགྲེམས་སྟོན་དང་འབྲེལ་བ་ཡོད་པའི་རིམ་སྤེལ་བཞུགས་མོལ་ཚོགས་འདུ“ཆུའི་དགེ་སྐྱོན་གླེང་བ”དུས་མཚུངས་སུ་འཚོག་རྒྱུ་རེད། ཀྲུང་གོ་དང་། འཇར་མན། སུའེ་ཙེར། ཧོ་ལན་སོགས་རྒྱལ་ཁབ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། བཟོ་སྐྲུན་ཆེན་མོ་བ་བཅས་ཀྱིས་གྲོས་བསྡུར་འཁྲུག་པོ་བྱེད་རྒྱུ་རེད།

    འཇར་མན་གྱི་གྲོང་ཁྱེར་འཆར་འགོད་མཁས་དབང་ཀྲུང་གོའི་དེང་རབས་འཛུགས་སྐྲུན་ལ་ཞིབ་འཇུག་བྱེད་མཁན་རིགས་གཅིག་མཁས་ཅན་ཨའེ་ཏེ་ཧྭ·ཁོ་ཀེ་ཡིས། དེང་གི་ཀྲུང་གོས་ཚོད་ལྟའི་རང་བཞིན་གྱི་འཚོལ་ཞིབ་སྙིང་སྟོབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་དེ་ནི་ཡོ་རོབ་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཆོག་པ་ཞིག་ཡོད། ཡོ་རོབ་དང་ཀྲུང་གོར་འདྲ་མཚུངས་ཀྱི་འཕེལ་རྒྱས་གནད་དོན་ཁག་གཅིག་འཕྲད་ཡོད་པས། ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ངེས་རེད་ཅེས་བརྗོད།