འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་12ཉིན།

༄༅།།ཀྲུང་གོ་དངུལ་འཛིན་ལྟ་འདོམས་ཁང་གིས་སྲིད་ཇུས་དང་བྱ་ཐབས་ཁག་18བཏོན་པ།

མ་རྩའི་ཁྲོམ་རས་དངུལ་རྩའི“ལེའུ་ཆེན་པོ་ལྔ”ཡག་པོ་རྩོམ་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་12ཉིན། 10:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། ཀྲུང་གོ་དངུལ་འཛིན་ལྟ་འདོམས་ཁང་གིས《དངུལ་རྩའི“ལེའུ་ཆེན་པོ་ལྔ”ཡག་པོ་རྩོམ་རྒྱུའི་སྐོར་གྱི་མ་རྩའི་ཁྲོམ་རའི་ལག་བསྟར་བསམ་འཆར》ཁྱབ་བསྒྲགས་བྱས་ཏེ་ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། སྤྱི་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས“ལེའུ་ཆེན་པོ་ལྔའི”བཀོད་སྒྲིག་བླང་བྱ་སྔར་བས་དོན་འཁྱོལ་གྱིས་མ་རྩའི་ཁྲོམ་རའི་ནུས་པ་ཧུར་ཐག་བཏོན་ནས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ལུགས་བཏོན་ཡོད་པ་རེད།

བསམ་འཆར་ནང་བཏོན་དོན། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། མ་རྩའི་ཁྲོམ་རའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ལ་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ལམ་ལུགས་ཀྱི་བསྟུན་མཁས་རང་བཞིན་དང་འཚམ་མཐུན་རང་བཞིན་ཆེ་རུ་བཏང་ནས་གཞི་རྒྱུ་གཙོ་བོའི་ཐོན་ཁུངས་ཚན་རྩལ་གསར་གཏོད་དང་། སྔོན་ཐོན་བཟོ་སྐྲུན། ལྗང་མདོག་ཐཱན་ཉུང་། དམངས་འཚོར་ཕན་འདོགས་པ་སོགས་འཐབ་ཇུས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་སུ་གཅིག་སྡུད་བྱེད་པར་སྐུལ་འདེད་གཏོང་དགོས།  བསམ་འཆར་ནང་བཏོན་དོན། ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་དང་ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོར་དངུལ་རྩའི་ཞབས་ཞུ་སྒྲུབ་པར་ཤུགས་སྣོན་རྒྱག་པ་དང་། མ་རྩའི་ཁྲོམ་རས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐོན་རྫས་ལམ་ལུགས་མ་ལག་ཕུན་སུམ་ཚོགས་སུ་གཏོང་བ། མ་རྩའི་ཁྲོམ་རའི་ཞབས་ཞུ་སྤྱི་ཕན་གྱི་དངུལ་རྩའི་ཕན་ནུས་ཆེ་རུ་གཏོང་བ། མ་རྩའི་ཁྲོམ་རས་སྣ་མང་ཅན་གྱི་རྒན་གསོའི་དངུལ་རྩའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་རྒྱུར་སྐུལ་འདེད་གཏོང་བ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ནུས་སྤྲོད་མ་རྩའི་ཁྲོམ་རར་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ནས་ལས་རིགས་སྒྲིག་གཞིའི་དངུལ་རྩའི“ལེའུ་ཆེན་པོ་ལྔའི”ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། མ་རྩའི་ཁྲོམ་རས་དངུལ་རྩའི“ལེའུ་ཆེན་པོ་ལྔ”ཡག་པོ་རྩོམ་པའི་མཉམ་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་སྲིད་ཇུས་དང་བྱེད་ཐབས་ཁག་18བཏོན་ཡོད་པ་རེད།

ཀྲུང་གོ་དངུལ་འཛིན་ལྟ་འདོམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཀྲོའུ་ཞའོ་ཀྲོའུ་ཡིས། བསམ་འཆར་ནི“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དོན་ཚན་དགུ”གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཕྱོགས་ཡོངས་ནས་མ་རྩའི་ཁྲོམ་རའི་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མ་རྩའི་ཁྲོམ་རའི“1+N”སྲིད་ཇུས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། སླད་ཕྱིན་ཀྲུང་གོ་དངུལ་འཛིན་ལྟ་འདོམས་ཁང་གིས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་བགོས་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་ཁག་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

(སྐལ་མཆོག་གིས་བསྒྱུར། སྐལ་མཆོག་དང་ཟླ་ཕུར་གྱིས་ཞུས)