འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།ཁ་བ་འབབ་པའི་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 14:18】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀན་སུའུ་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་དྲན་སྐུལ་བྱས་པར་གཞིགས་ན། ས་མཐོའི་གཞོང་དང་གྲང་ངར་ཞན་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས་13ནས་14བར་རང་ཞིང་ཆེན་དུ་ཆར་ཆུ་འབབ་པ་དང་རླུང་ཆེན་ལྡང་བའི་གནམ་གཤིས་བརྒྱུད་རིམ་ཡོད། ཀན་ལྷོ་དང་། ཏིང་ཞི། ལུང་ནན། ཐེན་ཧྲུའེ་སོགས་ཁུལ་དང་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་དང་ཀ་ཅུའི་ལྷོ་རྒྱུད་དང་ཕིང་ལིའང་ནུབ་རྒྱུད་དུ་ཁ་བ་ཆུང་ཆུང་(ཆར་བ།)ངམ་ཁ་ཆར་འདྲེས་མ་འབབ་རྒྱུ་དང་། ཀན་ལྷོ་ཁུལ་གྱི་ས་ཆ་ཁག་ཅིག་ཏུ་ཁ་བ་འབྲིང་བ་འབབ་རྒྱུ་རེད། ཚེས་14ཉིན་ནས་ཚེས་15ཉིན་གྱི་ཞོགས་པའི་བར་རང་ཞིང་ཆེན་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་དྲོད་ཚད་ཅུང་ཆག་རྒྱུ་རེད།

གནམ་གཤིས་ངན་པའི་ནང་དགོས་ངེས་མིན་པའི་འགྲོ་སྐྱོད་ཉུང་དུ་གཏོང་དགོས། འགྲོ་སྐྱོད་ཀྱི་དགོས་མཁོ་དངོས་གནས་ཡོད་ཚེ་ངེས་པར་དུ་ལམ་ཐིག་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། རླངས་འཁོར་བསྐོར་ནས་འགྲོ་སྐྱོད་བྱེད་དུས“མྱུར་ཚད་ཇེ་དམའ་རུ་གཏོང་བ་དང་། བར་ཐག་ཚོད་འཛིན། མཇུག་གི་གློག་སྒྲོན་བཀར་པ”བཅས་བློ་ལ་བརྟན་པོར་ངེས་དགོས། གཞན་ཡང་འགྲོ་འོང་མ་བྱས་གོང་གནམ་གཤིས་ཀྱི་གནས་ཚུལ་དང་། ཀན་སུའུ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་ཁྱབ་བསྒྲགས་བྱས་པའི་ལམ་གྱི་གནས་ཚུལ་ཆ་འཕྲིན་སྔོན་ལ་ཤེས་རྟོགས་བྱ་རྒྱུར་དོ་སྣང་བྱས་ཏེ། ཉེན་ཁ་ཤེས་ཚེ་ཉེན་གཡོལ་བྱས་ནས་བདེ་འཇགས་ངང་འགྲོ་འོང་བྱེད་དགོས།