གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་14ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་གློག་འཕྲིན་འབྱོར་བར་གཞིགས་ན། ཚེས་10ཉིན་གྱི་དགོང་མོར། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕ་ལེ་སི་ཐན་གྱི་གནད་དོན་ཐུན་མོང་ཐོག་ཐག་གཅོད་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུའི་ཆབ་སྲིད་ཀྱི་འདོད་འདུན་མཚོན་པར་བྱས་ཤིང་། ངེས་པར་དུ་ཕ་ལེ་སི་ཐན་བར་དྲང་གཞག་མིན་པའི་ལྟ་སྟངས་འཛིན་མཚམས་བཞག་སྟེ་ཕ་ལེ་སི་ཐན་བའི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
གསལ་བསྒྲགས་ནང་། ས་ཁུལ་གྱི་བརྟན་ལྷིང་འགན་ལེན་བྱེད་པའི་ཐབས་ལམ་འབའ་ཞིག་ནི་ཁྱད་པར་མེད་པའི་སྒོ་ནས་ས་ཁུལ་དེ་གའི་མི་དམངས་ཡོངས་ཀྱི་དབང་ཆ་ཁས་ལེན་བྱ་རྒྱུ་དེ་རེད། དེའི་ཁྲོད་ལོ་རྒྱུས་རང་བཞིན་གྱི་དྲང་གཞག་མིན་པའི་ལྟ་སྟངས་ཡང་ཡང་འཛིན་པའི་ཕ་ལེ་སི་ཐན་བའི་དབང་ཆ་ཡང་ཚུད་ཡོད། ཨེ་ཅིབ་ཀྱིས་ཕ་ལེ་སི་ཐན་བའི་རང་ཐག་རང་གཅོད་ཀྱི་དབང་ཆ་དང་། གཞིས་སྡོད་ཀྱི་དབང་ཆ། རང་བཙན་གྱི་དབང་ཆ་སོགས་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་བསྟན་ཡོད།
གསལ་བསྒྲགས་ནང་ད་དུང་ཨེ་ཅིབ་ཀྱིས་ཁྱིམ་གཞིས་ནས་མ་བྲལ་ཀ་མེད་བྱུང་བའི་ཕ་ལེ་སི་ཐན་གྱི་ཉམ་ཐག་མི་སེར་ལ་ཁྱིམ་གཞིས་སུ་བསྐྱར་ལོག་བྱེད་དབང་ཡོད་པ་མཐའ་འཁྱོངས་བྱེད་ཀྱི་ཡོད། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་རྩ་དོན་དང་མཐུན་ཡོད་ཅེས་བསྟན་ཡོད།