འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་15ཉིན།

༄༅།།ཨ་རི་དང་ཨུ་རུ་སུ། ཡུག་རེན་གྱི་འགོ་ཁྲིད་ཚོཊ་འདུ་འདིར་ཞུཊ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 17:20】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཚེས་13ཉིན། ཨ་རི་དང་ཨུ་རུ་སུ། ཡུག་རེན་བཅས་རྒྱལ་ཁབ་གསུམ་གྱི་མཐོ་རིམ་དཔོན་རིགས་ཚེས་14ཉིན་འཇར་མན་དུ་འཚོགས་པའི་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས(མུའུ་ཨན་གྲོས་ཚོགས)ལ་ཞུགས་རྒྱུ་ཡིན་ཞེས་བཤད།

ཐེ་རོན་ཕུ་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་ལས་ཁང་དུ་དེ་གར་ཡོད་པའི་གསར་འགོད་པར། ཨ་རི་དང་ཨུ་རུ་སུ། ཡུག་རེན་བཅས་རྒྱལ་ཁབ་གསུམ་པོ་ཚང་མ་ཐེངས་འདིའི་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་ལ་གདན་འདྲེན་ཞུས་ཡོད་པ་དང་། “ངས་རྒྱལ་ཁབ་ཁག་གིས་སུ་ཞིག་ཚོགས་འདུར་མངགས་མིན་གསལ་པོ་མི་ཤེས་མོད། འོན་ཀྱང་ཨུ་རུ་སུ་དང་ཡུག་རེན། ཨ་རི་བཅས་ནས་ཡོང་བའི་མཐོ་རིམ་མི་སྣ་ཡོད་སྲིད་ཅེས་བཤད་པ་རེད།” ཁོང་གིས་ཡུག་རེན་ནི་ཨུ་རུ་སུའི་གདོང་གཏུག་མཇུག་བསྒྲིལ་གྲོས་མོལ་ནང་ཞུགས་མཁན་ཕྱོགས་ཀྱི་གྲས་ཤིག་ཡིན་པ་དང་། ཨུ་རུ་སུའི་གདོང་གཏུག“ངེས་པར་དུ་མཇུག་བསྒྲིལ་དགོས”ཞེས་བཤད་པ་རེད།

ཐེ་རོན་ཕུ་ཡིས་ད་དུང་ཨ་རིའི་ཙུང་ཐུང་སྔོན་མ་པའེ་ཏེང་གིས། “ཡུག་རེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་ཆོག”ཅེས་པའི་འབྲེལ་ཡོད་བཤད་ཚུལ་ལ་སྐྱོན་བརྗོད་བྱས་ཏེ། འདིས་2022ལོར་ཡུག་རེན་གྱི་ཉམས་ཉེན་རིམ་འཕར་བྱུང་བར་འདོད། གཞན་ཡང་། ཐེ་རོན་ཕུ་ཡིས་ཨའོ་པ་མའི་སྲིད་གཞུང་གི་དུས་སྐབས་སུ་ཨུ་རུ་སུ་རྒྱལ་ཁབ་བརྒྱད་ཀྱི་ཚོགས་པ་ནས་ཕྱིར་འབུད་བྱས་པ་ནི་ནོར་འཁྲུལ་ཞིག་ཡིན་པའི་ངོས་འཛིན་བྱས་པ་དང་། “ངས་ཨུ་རུ་སུ་ཕྱིར་ལོག་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ་རྒྱལ་ཁབ་བརྒྱད་ཀྱི་ཚོགས་པ་གནས་ན་ཡུག་རེན་གྱི་གནད་དོན་ཕལ་ཆེར་འབྱུང་མི་སྲིད”ཅེས་བཤད་པ་རེད།

སྐབས་61པའི་མུའུ་ཉི་ཧེའི་གྲོས་ཚོགས་དེ་ཚེས་14ཉིན་ནས་ཚེས་16ཉིན་བར་མུའུ་ཉི་ཧེ་རུ་འཚོག་རྒྱུ་རེད། ཡུག་རེན་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་ཚེས་10ཉིན་ཁོང་ཉིད་ཚོགས་འདུ་འདིར་ཞུགས་རྒྱུ་མ་ཟད། ཨ་རིའི་ཙུང་ཐུང་གཞོན་པ་ཝན་སི་དང་ཐུག་འཕྲད་གནང་རྒྱུ་ཡིན་ཞེས་བཤད་པ་རེད།