གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་14ཉིན། 17:21】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨེ་ཅིབ་ཀྱི་ཁའེ་ལོའི་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས་13ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི“ཧ་ལི·ཏུའུ་ལུའུ་མོན”རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དེ་ཨེ་ཅིབ་ཉེ་འདབས་ཀྱི་ས་དབུས་རྒྱ་མཚོའི་མཚོ་ཁོངས་སུ་ཚོང་གྲུ་ཞིག་དང་གདོང་ཐུག་བརྒྱབ་པ་རེད། གནས་སྐབས་སུ་མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་མཚོ་དམག་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། “ཧ་ལི·ཏུའུ་ལུའུ་མོན”རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཚེས་12ཉིན་གྱི་མཚན་གུང་དུ་ཨེ་ཅིབ་ཀྱི་སའེ་ཏེ་གྲུ་ཁའི་ཉེ་འདབས་ཀྱི་ས་དབུས་རྒྱ་མཚོའི་མཚོ་ཁོངས་སུ་འགྲུལ་སྐྱོད་བྱེད་སྐབས། “པེ་ཞི་ཁེ་ཐ་ཧྲི-M” རྟགས་ཅན་གྱི་ཚོང་གྲུ་དང་གདོང་ཐུག་བརྒྱབ་པ་རེད།“ཧ་ལི·ཏུའུ་ལུའུ་མོན”རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་མིག་སྔར“བདེ་འཇགས་བརྟན་ལྷིང་གི་རྣམ་པར་གནས་ཡོད་པ་དང་།”དེའི་སྒུལ་བྱེད་འཕྲུལ་འཁོར་ལ་གདོང་ཐུག་བརྒྱབ་པའི་ཤུགས་རྐྱེན་ཐེབས་མེད་ལ། གྲུ་གཟིངས་ནང་ཡང་ཆུ་བླུགས་མེད།