གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་17ཉིན། 13:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨ་རིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་“རྒྱལ་ཕྱིའི་སྤྱི་དམངས་ཐོ་འགོད་”བྱེད་དགོས་པའི་དྲན་སྐུལ་བྱས་པ།
ཆ་འཕྲིན་ཅན་གྱི་ལག་ཐབས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱི་རྒྱལ་གྱི་ཀྲུང་གོའི་སྤྱི་དམངས་ལ་གཞུང་ཚབ་ཀྱི་སྲུང་སྐྱོབ་དང་ཞབས་ཞུ་དེ་བས་ལེགས་པའི་སྒོ་ནས་ཐོབ་རྒྱུར་སྔར་བས་རོགས་རམ་བྱ་ཆེད། ཕྱི་འབྲེལ་པུའི“ཀྲུང་གོའི་གཞུང་ཚབ་པའི”APPཡིས“རྒྱལ་ཕྱིའི་སྤྱི་དམངས་ཐོ་འགོད་བྱེད་པའི”ནུས་པ་བཏོན་པ་དང་འབྲེལ་ཁྱོན་ཡོངས་ནས་དྲ་ཐོག་ཏུ་ཞུགས་ཡོད་པ་རེད། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོ་དང་གཞུང་ཚབ་ཁང་གིས་ཨ་རིར་སྡོད་པའི་ཀྲུང་གོའི་སྤྱི་དམངས་ལ་དྲན་སྐུལ་བྱས་པ་སྟེ།
“ཀྲུང་གོའི་གཞུང་ཚབ་པའི”APPཕབ་ལེན་བྱེད་པ་དང་ཐོ་འགོད་བྱེད་རོགས། རང་ཉིད་ཨ་རིར་སྡོད་སའི་ས་གནས་གཞིར་བཟུང་ཨ་རིར་བཅའ་སྡོད་གཞུང་ཚབ་ཁང་ངམ་ཡང་ན་དེ་མཚུངས་ཀྱི་སྤྱི་ཁྱབ་གཞུང་ཚབ་ཁང་བདམས་ནས་འབྲེལ་ཡོད་ཆ་འཕྲིན་བྲིས་ནས་ཐོ་འགོད་ལེགས་གྲུབ་བྱེད་དགོས། མི་སྒེར་གྱི་ཆ་འཕྲིན་ངོ་མ་དང་། ཡང་དག་པ། ཆ་ཚང་ཡིན་པ་འགན་ལེན་བྱེད་རོགས་དང་། ཆ་འཕྲིན་ལ་སྲུང་སྐྱོབ་ནན་པོ་བྱ་རྒྱུ། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོས་ཆ་འཕྲིན་ཐོ་འགོད་བྱས་ཚུལ་གཞིར་བཟུང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བདེ་འཇགས་ཆ་འཕྲིན་བརྒྱུད་སྤྲོད་བྱས་ཏེ། ཨ་རིར་སྡོད་པའི་ཀྲུང་གོའི་སྤྱི་དམངས་ལ་དུས་ཐོག་དང་ནུས་ལྡན་གྱི་གཞུང་ཚབ་སྲུང་སྐྱོབ་དང་རོགས་རམ་བྱ་རྒྱུ་ཡིན་པ་རེད།
ལྷག་པར་དུ་དོ་སྣང་བྱ་རྒྱུར། “རྒྱལ་ཕྱིའི་སྤྱི་དམངས་ཐོ་འགོད་བྱེད་པའི”ནང་ཁྱེད་རང་ལ་དངུལ་ཁང་གི་ཐོ་ཁོངས་སོགས་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་པའི་རེ་བ་འདོན་མི་སྲིད་ལ། དངུལ་བསྒྱུར་དང་དངུལ་གཏོང་གི་བླང་བྱ་དེ་བས་ཀྱང་འདོན་མི་སྲིད། ཚང་མས་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་ཏན་ཏིག་གིས་མཐོ་རུ་གཏོང་རོགས།
གལ་ཏེ་ཛ་དྲག་གི་གནས་ཚུལ་དང་འཕྲད་ཚེ། དུས་ཐོག་ཏུ་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ལ་ཉེན་ཞུ་བྱ་རྒྱུ་དང་འབྲེལ། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོ་དང་གཞུང་ཚབ་ཁང་དང་འབྲེལ་གཏུག་བྱས་ནས་རོགས་རམ་འཚོལ་རོགས། ཨ་རི་ཡོངས་ཀྱི་ཉེན་ཞུ་དང་རོགས་སྐྱོར་ཁ་པར་ནི་911ཡིན(རྒྱ་ཡིག་གི་ཞབས་ཞུའི་རེ་བ་བཏོན་ཆོག)
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར་(ཆུ་ཚོད་24ཡིན།)
+86-10-12308ཡང་ན་+86-10-65612308 ཡིན།
ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོ་དང་གཞུང་ཚབ་ཁང་གི་གཞུང་ཚབ་སྲུང་སྐྱོབ་དང་གཞོགས་འདེགས་ཁ་པར།
ཨ་རིར་བཅའ་སྡོད་གཞུང་ཚབ་ཁང་ཆེན་མོ།+1-202-4952216
ཉིའུ་ཡུའེ་རུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཁང་།+1-212-6953125
ཅིའུ་ཅིན་ཧྲན་དུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཁང་།+1-415-9296998
ལུའོ་ཧྲན་ཅི་རུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཁང་།+1-213-8078052
ཀྲི་ཅ་ཀོ་རུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཁང་།+1-312-3973015