གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་17ཉིན། 13:52】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་15ཉིན་མུའུ་ཉི་ཧེའི་བདེ་འཇགས་ཚོགས་འདུར་ཞུགས་དུས། ཨ་རི་ཕྱོགས་ཀྱི་གཏེར་རྫས་གྲོས་མཐུན་ཇུས་གཞི་ཡིས་ཡུག་རེན་ཕྱོགས་ལ་“བདེ་འཇགས་འགན་སྲུང་”བྱས་མེད། ཁོང་གིས“གྲོས་མཐུན་དེར་མིང་རྟགས་འགོད་ཆོག་པའི་ཆོག་མཆན་སྤྲད་མེད་པའི་རྒྱུ་མཚན་ནི་དེས་ད་དུང་གྲ་སྒྲིག་ཡག་པོ་བྱས་མེད”ཅེས་བཤད།
ཙེ་ལེན་སི་ཅིས་སྨྱན་སྦྱོར་ལ་བཤད་དོན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཡུག་རེན་ཕྱོགས་ཀྱིས་མིང་རྟགས་འགོད་པའི་རེ་བ་བཏོན་པའི་གྲོས་མཐུན་གྱིས་ཡུག་རེན་ལ་བདེ་འཇགས་འགན་སྲུང་གང་ཡང་མཁོ་འདོན་བྱས་མེད་པ་དང་། གྲོས་མཐུན་དེ་བདེ་འཇགས་འགན་སྲུང་དང་ཟུང་འབྲེལ་བྱེད་དགོས། ཁོས་གྲོས་མཐུན་འདིས་མིག་སྔར་ཡུག་རེན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་མི་ཐུབ་པ་ནན་བཤད་བྱས།
གཞན་ཡང་། ཙེ་ལེན་སི་ཅི་ཡིས་“ཡོ་རོབ་ཀྱི་དམག་དཔུང་”བཙུགས་ནས། ཨུ་རུ་སུར་དོགས་ཟོན་བྱ་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། ཨ་རིས་ཡོ་རོབ་ལ་རོགས་སྐྱོར་བྱེད་མི་སྲིད་པའི་ལྐོག་བརྡ་ཡང་བཏང་བ་རེད།
ཐེ་རོན་ཕུ་ཡིས་ཟླ་འདིའི་ཚེས་3ཉིན་ཕོ་བྲང་དཀར་པོ་ནས། ཡུག་རེན་གྱིས་ཨ་རིར་ཞི་ཐུའུ་སོགས་ཀྱི་ཐོན་ཁུངས་མཁོ་འདོན་བྱས་པ་བརྒྱུད་ཨ་རིས་ཡུག་རེན་ལ་རོགས་སྐྱོར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སིན་ཐི་ཡིས་ཚེས་12ཉིན་ཡུག་རེན་ཕྱོགས་ལ་གཏེར་རྫས་གྲོས་མཐུན་གྱི་ཇུས་གཞི་ཞིག་མཁོ་འདོན་བྱས།