གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་17ཉིན། 13:53】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨུ་རུ་སུའི་སྨྱན་སྦྱོར་མང་པོ་ཞིག་གིས་ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་དཔོན་རིགས་དང་ཨ་རིའི་དཔོན་རིགས་ཀྱིས་ཟླ་2ཚེས་18ཉིན་སོ་ཏི་ཨ་རབ་ཏུ་ཡུག་རེན་གྱི་གནད་དོན་ཐད་གྲོས་ཚོགས་འཚོག་རྒྱུ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རི་ཕྱོགས་ཀྱི་འཐུས་མིར་སྔོན་དཔག་བྱས་པ་ལྟར་ན། ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་དང་། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྭའར་ཙི་དང་། དེ་བཞིན་ཨ་རིའི་དབུས་ཤར་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐེ་ཁོ་ཧྥུ་ཚུད་ཡོད། གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལོ་ཧྥུ་ཡིས་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་བརྗོད།