འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་18ཉིན།

༄༅།།རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས།《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་སྲོལ་མཐུན་རྩིས་བཤེར་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་18ཉིན། 13:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་སྲོལ་མཐུན་རྩིས་བཤེར་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་2025ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱ་ཐབས》དང《དྲ་རྒྱའི་གྲངས་གཞིའི་བདེ་འཇགས་དོ་དམ་སྲོལ་ཡིག》ནང་། མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་མཁན་ལ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་སྲོལ་མཐུན་རྩིས་བཤེར་བྱེད་པའི་ཐད་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས《བྱ་ཐབས》བཟོས་ནས་བཏོན་ཏེ་སྲོལ་མཐུན་རྩིས་བཤེར་བྱེད་སྒོ་སྤེལ་བ་དང་། སྲོལ་མཐུན་རྩིས་བཤེར་ལས་ཁུངས་གདམ་ག སྲོལ་མཐུན་རྩིས་བཤེར་ཐེངས་གྲངས། མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་མཁན་དང་ཆེད་དོན་ལས་ཁུངས་ཀྱི་སྲོལ་མཐུན་རྩིས་བཤེར་བྱེད་རིང་གི་འོས་འགན་སོགས་ལ་གཏན་འབེབས་ཞིབ་ཕྲ་བྱས་པ་དང་། དམིགས་ཡུལ་ནི་མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་མཁན་ལ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་སྲོལ་མཐུན་རྩིས་བཤེར་བྱེད་པར་བརྒྱུད་རིམ་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ལྡན་པའི་ཚད་གཞི་བཟོས་ནས། མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་སྒོའི་ཁྲིམས་མཐུན་སྲོལ་མཐུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་མི་སྒེར་གྱི་ཆ་འཕྲིན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆེད་དུ་རེད།

《བྱ་ཐབས》ནང་མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་མཁན་ལ་སྲོལ་མཐུན་རྩིས་བཤེར་བྱེད་པའི་རྣམ་པ་གཉིས་ཁ་གསལ་བཏོན་པ་སྟེ། གཅིག་ནས་མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་མཁན་གྱིས་སྲོལ་མཐུན་རྩིས་བཤེར་བྱས་རིགས་ལ། མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་མཁན་གྱི་ནང་ཁུལ་ལས་ཁུངས་སམ་ཡང་ན་མངགས་བཅོལ་ཆེད་དོན་ལས་ཁུངས་ཀྱིས་དུས་བཀག་ལྟར་མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་པར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་བའི་གནས་ཚུལ་ལ་སྲོལ་མཐུན་རྩིས་བཤེར་བྱེད་དགོས་པ་དང་། མི་སྒེར་ཁྲི་1000ལྷག་ཙམ་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་མཁན་གྱིས་ལོ་གཉིས་རེར་ཉུང་མཐར་ཡང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་སྲོལ་མཐུན་རྩིས་བཤེར་ཐེངས་རེ་བྱེད་དགོས། གཉིས་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་འགན་འཁྲི་སྒྲུབ་མཁན་སྡེ་ཚན་གྱིས་མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་སྒོར་ཉེན་ཁ་ཆེ་ཙམ་ཡོད་པ་དང་མི་སྒེར་ཕལ་ཆེ་བའི་ཁེ་དབང་ལ་གནོད་འཚེ་གཏོང་སྲིད་པའམ་ཡང་ན་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཀྱི་དོན་རྐྱེན་ཐོན་སྲིད་པའི་རིགས་ལ། མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་མཁན་གྱིས་ཆེད་དོན་ལས་ཁུངས་ལ་མི་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་བྱེད་སྒོར་སྲོལ་མཐུན་རྩིས་བཤེར་བྱ་རྒྱུའི་མངགས་བཅོལ་བྱེད་དགོས་པའི་བླང་བྱ་བཏོན་ཆོག་པ་དེ་རེད།

(ཚེ་སྒྲོལ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)