འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་18ཉིན།

༄༅།།ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་དབུས་རྒྱུད་ལྕགས་ལམ་ནས་སྐྱེལ་འདྲེན་བྱེད་མཁན་མེ་འཁོར་ཁྲི་1.8ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་18ཉིན། 13:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། 2013ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་ནས་ད་ལོའི་ཟླ་2ཚེས་14ཉིན་བར། ནང་སོག་ཨེར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་བསྡོམས་རྩིས་བརྒྱབ་ན་སྐྱེལ་འདྲེན་བྱེད་ཚད་མེ་འཁོར་18000ལས་བརྒལ་ནས་18124ཟིན་ཡོད་པ་རེད།

ཨེར་ལན་ཧའོ་ཐེ་ལྕགས་ལམ་འགག་སྒོ་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་རྒྱལ་མཚམས་འཛུལ་སྒྲོལ་གྱི་མཚམས་ཚིགས་ཤིག་ཡིན་པ་དང་། འགག་སྒོ་དེ་བརྒྱུད་རྒྱལ་མཚམས་སྒྲོལ་བའི་དུས་གཏན་མེ་འཁོར་རྒྱལ་ཁབ་10ལྷག་ཙམ་གྱི་ས་ཁུལ་60ལྷག་ཙམ་ལ་འབྱོར་བ་དང་། ཐེན་ཅིན་དང་། ཨན་ཧུའེ། ཧུའུ་ནན། སི་ཁྲོན་སོགས་ཞིང་ཆེན་10ལྷག་ཙམ་གྱི་ཟོག་ཁུངས་གཅིག་སྡུད་བྱེད་པ། དངོས་ཟོག་སྐྱེལ་འདྲེན་ནི་དང་ཐོག་མའི་ལྕགས་རིགས་དང་། རྫས་འགྱུར་བཟོ་ལས། གྱོན་ཆས་ལྷམ་ཞྭ་མོ་བཅས་གཙོ་བོར་བྱེད་པ་ནས་ད་ལྟའི་རྒྱལ་ཐོན་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་གཙོ་བོར་བྱེད་པར་རིམ་བཞིན་བསྒྱུར་ནས་ཟུར་སྣོན་རིན་ཐང་མཐོ་བ་དང་ཚན་རྩལ་མཐོ་བའི་ཐོན་རྫས་འཕར་བའི་རྣམ་པ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།