འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་18ཉིན།

༄༅།།བོད་ལྗོངས་དང་ཀན་སུའུ་སོཊ་ས་ཁུལ་དུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་18ཉིན། 14:10】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་2ཚེས་18ཉིན་གྱི་ཆུ་ཚོད་8ནས་ཚེས་19ཉིན་གྱི་ཆུ་ཚོད་8པའི་བར། ཅི་ལིན་གྱི་ཤར་རྒྱུད་དང་། ཞིན་ཅང་གི་ཐེན་ཧྲན་ས་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་དབུས་རྒྱུད། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཉིང་ཞ་ཡི་ས་ཁུལ་མང་ཆེ་བ། སི་ཁྲོན་གྱི་ནུབ་རྒྱུད་མཐོ་སྒང་། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆེན་པོ་ནས་ཁ་བ་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། (ཧོ་སྨི་10ནས་16བར། )

ཟླ་2ཚེས་19ཉིན་གྱི་ཆུ་ཚོད་8ནས་ཚེས་20ཉིན་གྱི་ཆུ་ཚོད་8པའི་བར། ཞིན་ཅང་གི་ཨ་ལེ་ཐའེ་ཤར་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ཀན་སུའུ་ཡི་མདོ་ལ་རི་བོའི་རྒྱུད་དང་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲའན་ཞི། ཧྭ་བྱང་གི་ལྷོ་རྒྱུད། ཧྲན་ཏུང་གི་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་། ཧུའུ་པེ་ཡི་ནུབ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་དུ་ཁ་བ་ཆེན་པོ་ནས་ཁ་བ་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། (ཧོ་སྨི་10ནས་14བར། )