གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་19ཉིན། 10:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚན་རྩལ་གྱི་ལམ་བུ་ནི་འཕེལ་རྒྱས་ཀྱི་ལམ་བུ་ཡིན་ཞིང་། “གཞེས་ནིང་འདེབས་འཛུགས་རྟེན་གཞི་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཀྱི་ཞིབ་འཇུག་བྱ་གཞི་ཆུང་ངུའི་ནང་བཅུག་པ་དང་། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་གཏིང་ཟབ་ཏུ་གཏོང་བའི‘ཚན་རྩལ་སྒོ་ར་ཆུང་ངུར”ངོས་འཛིན་བྱས་པས། ཞིབ་འཇུག་གསར་སྤེལ་གྱི་ཆུ་ཚད་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད”ཅེས་ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་གི་ཁོངས་མི་དབྱང་ཧྲི་ཕུང་གིས་བརྗོད་པ་དང་། ཁོང་གིས་དཔེ་སྟོན་ལེགས་གྲུབ་བྱུང་བ་ནས་ཁྱབ་སྤེལ་བར་རྟེན་གཞི་དེས་ད་དུང་མཐའ་འཁོར་གྲོང་མིའི་འཚོ་བ་སྐྱེལ་སྟངས་ལ་གོམ་པ་རིམ་བགྲོད་བཞིན་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། དེ་སྔ་ཞིང་དལ་དུས་སུ་ཁྱིམ་དུ་ཁུམ་ནས་སྡོད་མཁན་ཚོ་ད་ཆ་འགྱིག་ཤོག་སྔོ་ཚལ་དྲོད་ཁང་ཆེན་པོར་ལས་ཀ་བྱས་ནས་འབབ་འཕར་ཡོང་ཐབས་བྱེད་ཀྱི་ཡོད། སྔོན་ཆད་གསོལ་ལྕོག་ཐོག་རྩམ་པ་དང་ཞོག་ཁོག་ཁོ་ན་ཡིན་པ་ནས་ད་ཆ་ལྟོ་དུས་གཅིག་ལ་ཚལ་སྣ་ཁ་གསུམ་རེ་ཡོད་པ་ནི་རྒྱུན་གཏན་རེད་ཅེས་བརྗོད།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གཅན་ཚ་རྫོང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ངོགས་སུ་གནས་པ་དང་གནམ་གཤིས་གྲང་ཞིང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས། བཏབ་པའི་ཤིང་ཏོག་དང་སྔོ་ཚལ་གྱི་སྤུས་ཀ་ཧ་ཅང་ལེགས་པོ་ཡོད། “ང་ཚོའི་འབྲི་ཏ་ས་འཛིན་དང་སུར་པན་སོགས་ཀྱི་སྣ་ཁ་ཐོན་སྐྱེད་བརྟན་པོ་བྱུང་བ་དང་ཕྱིར་ཚོང་གི་ཁྲོམ་ར་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད”ཅེས་འདེབས་འཛུགས་རྟེན་གཞིའི་མཚོ་སྔོན་ཧེང་ཙེ་ཞིང་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཀྲི་ཝེ་ཡིས་བརྗོད་པ་དང་། ཁོང་གིས་དཔྱིད་གསར་དུས་ཆེན་འཆར་རིམ་བཞིན་འབྲི་ཏ་ས་འཛིན་ཧ་ཅང་བྲིན་ཁ་རྒྱུག་པོ་འདུག དེ་ནི་གཙོ་བོ་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ལེགས་ཆར་རག་ལུས་པ་མ་ཟད། ཚན་རྩལ་ལས་དོན་པས་ལོ་མང་རྒྱབ་སྐྱོར་བྱས་པ་དང་དེ་བས་ཁ་བྲལ་ཐབས་མེད་ཅེས་བརྗོད།
བྱ་བ་གང་ཞིག་ཡིན་ཡང་འགོ་འཛུགས་སྐབས་ཧ་ཅང་དཀའ། འབྲི་ཏ་ས་འཛིན་ཐོག་མར་འདེབས་པར་དྲན་གསོ་བྱེད་སྐབས་ཀྲང་ཀྲི་ཝེ་ཡིས“གོང་ཁེ་པོ་རེད་སྙམ་ནས་སྐབས་དེ་དུས་བེད་མེད་འདོར་གྲབས་ཡོད་པའི་སོན་མྱུག་ཉོས་པས་སྨིན་པའི་འབྲི་ཏ་ས་འཛིན་གྱི་སྤུས་ཀ་ཞན་སྟབས་ཁྲོམ་རར་ཡང་བྲིན་ཁ་རྒྱུག་པོ་མ་བྱུང་བར་མ་རྩ་རྡིབ་བྱུང”ཞེས་མགོ་བོ་གཡུག་བཞིན་བརྗོད།
མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཀྲུང་ཆི་ཝུན་གྱིས་ཚབ་མཚོན་བྱས་པའི་ཚན་རྩལ་ཆེད་མངགས་པས་ཀྲང་ཀྲི་ཝེར“སེམས་རྣལ་རིལ་བུ”ཞིག་སྦྱིན། རྣམ་གྲངས་ལག་ལེན་བསྟར་བའི་དཔེ་སྟོན་བརྩོན་ལེན་བྱེད་པ་ནས་འགོ་བརྩམས་ཏེ་ས་བོན་འདེམས་པ་དང་། མྱུ་གུ་གསོ་བ། དུག་སེལ་བྱེད་པ། འདེབས་འཛུགས་བྱེད་པ། གནོད་འབུ་འགོག་པ། ཞིང་ནང་གཡོག་བྱེད། ཕྱིར་ཚོང་ལ་སོགས་པའི་ཞིབ་འཇུག་ཚོགས་ཆུང་གི་ཁོངས་མིས་དྲོད་ཁང་ཆེན་པོར་ཚོད་ལྟ་དང་འགག་སྒྲོལ་རབ་དང་རིམ་པ་བྱས་པ་དང་། དེ་ནས་ཁུལ་གཅིག་ནས་བཅུར་ཁྱབ་གདལ་བཏང་བ་དང་སྦྲགས། ཁེ་ལས་ཀྱི་ལག་རྩལ་པར་ངོ་ཐུག་གདོང་འཕྲད་ཀྱིས་གསོ་སྦྱོང་བྱས་པ་དང་། ཞིང་པར་ལག་རྩལ་དམར་ཁྲིད་བྱས་པ་དང་ཆབས་ཅིག་ས་ཆ་གང་སར་ཚོང་ལམ་འཚོལ་ཐབས་ཀྱང་བྱས་ཡོད།
“2019ལོར་གཞི་ནས་གླིང་ཁུལ་གྱི་འབྲི་ཏ་ས་འཛིན་འདེབས་འཛུགས་ལ་ཁེ་བཟང་རག་འགོ་ཚུགས་ཡོད”ཅེས་ཀྲང་ཀྲི་ཝེ་ཡིས་གསར་འགོད་པར་བརྗོད། སྣ་མང་ཅན་གྱི་གཉེར་སྐྱོང་བྱས་ན་གཞི་ནས་འགན་ལེན་ཐུབ་པ་དང་། ལོ་འདི་དག་རིང་། ཁེ་ལས་ཀྱིས་ཚན་རྩལ་སྣེ་ཁྲིད་ལ་བརྟེན་ནས་ཀྲོ་མ་ཀྲུ་སོགས་ཤིང་ཏོག་དང་སྔོ་ཚལ་རིགས་བཅུ་ལྷག་ཙམ་ཚོད་འདེབས་བྱས་ཏེ་དུས་ཚིགས་མི་འདྲ་བའི་རིན་གོང་འཕར་ཆག་གི་ཉེན་ཁ་ཆུང་དུ་བཏང་ཡོད། “ན་ནིང་ལོ་གཅིག་ནང་འདེབས་འཛུགས་བྱས་པའི་སྣ་ཁ་གསར་པའི་འབྲི་ཏ་ས་འཛིན་བཏབ་པར་ཁེ་བཟང་སྒོར་ཁྲི་30ལྷག་ཙམ་རག་ཡོད”
ཚན་རྩལ་གྱི་ལམ་བུ་ནི་འཕེལ་རྒྱས་ཀྱི་ལམ་བུ་ཡིན་ཞིང་། “གཞེས་ནིང་འདེབས་འཛུགས་རྟེན་གཞི་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཀྱི་ཞིབ་འཇུག་བྱ་གཞི་ཆུང་ངུའི་ནང་བཅུག་པ་དང་། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་གཏིང་ཟབ་ཏུ་གཏོང་བའི‘ཚན་རྩལ་སྒོ་ར་ཆུང་ངུར”ངོས་འཛིན་བྱས་པས། ཞིབ་འཇུག་གསར་སྤེལ་གྱི་ཆུ་ཚད་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད”ཅེས་ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་གི་ཁོངས་མི་དབྱང་ཧྲི་ཕུང་གིས་བརྗོད་པ་དང་། ཁོང་གིས་དཔེ་སྟོན་ལེགས་གྲུབ་བྱུང་བ་ནས་ཁྱབ་སྤེལ་བར་རྟེན་གཞི་དེས་ད་དུང་མཐའ་འཁོར་གྲོང་མིའི་འཚོ་བ་སྐྱེལ་སྟངས་ལ་གོམ་པ་རིམ་བགྲོད་བཞིན་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། དེ་སྔ་ཞིང་དལ་དུས་སུ་ཁྱིམ་དུ་ཁུམ་ནས་སྡོད་མཁན་ཚོ་ད་ཆ་འགྱིག་ཤོག་སྔོ་ཚལ་དྲོད་ཁང་ཆེན་པོར་ལས་ཀ་བྱས་ནས་འབབ་འཕར་ཡོང་ཐབས་བྱེད་ཀྱི་ཡོད། སྔོན་ཆད་གསོལ་ལྕོག་ཐོག་རྩམ་པ་དང་ཞོག་ཁོག་ཁོ་ན་ཡིན་པ་ནས་ད་ཆ་ལྟོ་དུས་གཅིག་ལ་ཚལ་སྣ་ཁ་གསུམ་རེ་ཡོད་པ་ནི་རྒྱུན་གཏན་རེད་ཅེས་བརྗོད།
ཉི་འོད་རབ་ཏུ་འཕྲོས་པའི་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས་དྲོད་ཁང་158དགུང་སྔོན་འོག་ཧ་ཅང་མངོན་གསལ་དོད་པོར་སྣང་། ཟླ་དང་པོར་ཐོན་སྐྱེད་དང་ཕྱིར་ཚོང་གཉིས་ཀ་ཡག་པོ་བྱུང་ནས་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་མང་དུ་འགྲོ་བ་དང་ཆབས་ཅིག་ཀྲང་ཀྲི་ཝེ་ཡང་ལས་བྲེལ་ཆེ་རུ་ཕྱིན་ཞིང་། “འབྲི་ཏ་ས་འཛིན་དམར་ལ་སུར་པན་གྱི་སྤུས་ཀ་ལེགས་པ་དང་། ལག་རྩལ་པ་རྟག་ཏུ་འདི་གར་བསྡད་ན་ངའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་འདུག”ཅེས་ཀྲང་ཀྲི་ཝེ་ཡིས་འཛུམ་དམུལ་དམུལ་ངང་བཤད།