གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་19ཉིན། 13:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། སློབ་གསོ་པུས་སྒྲིག་འཛུགས་བྱས་ནས་བསྒྱུར་བའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་རྣམ་བཤད་གལ་ཆེན་གྱི་ཁྲིད་ཡིག》ཧྥ་རན་སེའི་ཡི་གེ་དང་། ཨུ་རུ་སུའི་ཡི་གེ སི་ཕེན་གྱི་ཡི་གེ ཨ་རབ་ཀྱི་ཡི་གེ་བཅས་ཀྱི་དཔར་མ་ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་དང་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་རྣམ་བཤད་གལ་ཆེན་གྱི་ཁྲིད་ཡིག》གི་རྒྱ་ཡིག་དཔར་མ་2020ལོར་དཔེ་སྐྲུན་བྱས་ནས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གཏིང་ཟབ་བྱས་ཡོད།
དེབ་དེའི་ཧྥ་རན་སེའི་ཡི་གེ་དང་། ཨུ་རུ་སུའི་ཡི་གེ སི་ཕེན་གྱི་ཡི་གེ ཨ་རབ་ཀྱི་ཡི་གེ་བཅས་ཀྱི་དཔར་མ་དང་དེ་གོང་དཔེ་སྐྲུན་བྱས་པའི་དབྱིན་ཡིག་གི་དཔར་མས་ཕྱི་རྒྱལ་གྱི་ཀློག་པ་པོ་ཚོས་དུས་རབས་གསར་པའི་ཀྲུང་གོའི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་ཕུན་སུམ་ཚོགས་པའི་ནང་དོན་ཤེས་རྟོགས་བྱེད་པ་དང་། ཀྲུང་གོའི་སློབ་གསོའི་གསུང་སྒྲ་བརྒྱུད་སྤྲོད་དང་ཀྲུང་གོའི་སློབ་གསོའི་གཏམ་རྒྱུད་ཡག་པོ་བརྗོད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
(བསྟན་འཛིན་བཟང་མོས་བསྒྱུར། བདེ་དབང་དང་བསྟན་བཟང་གིས་ཞུས)