འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།ཀྲུང་གོས་ཨུ་རུ་སུ་དང་ཨ་རིས་ཐུག་འཕྲད་བྱས་པའི་ཐད་བཤད་དོན།  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་19ཉིན། 14:40】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་ཟླ་2ཚེས་18ཉིན་གྱི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཨ་རི་དང་ཨུ་རུ་སུས་དེ་རིང་རི་ཡ་ཏེ་རུ་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་ལ་གྲོས་མོལ་བྱས་པ་རེད། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས། ཁོ་ཚོར་གདན་འདྲེན་ཞུས་མེད་ལ་བརྡ་ཐོ་ཡང་བཏང་མེད་པས། ཁོ་ཚོ་གྲོས་མོལ་དེ་དག་ལ་ཞུགས་མི་སྲིད་ལ་གྲོས་མོལ་གྱི་མཇུག་འབྲས་དང་ལེན་ཡང་བྱེད་མི་སྲིད་ཅེས་བཤད་པ་རེད། གཞན་ཡང་། ཡོ་རོབ་ཀྱི་འགོ་ཁྲིད་པས་ཕ་རི་སིར་ཛ་དྲག་གི་ཚོགས་འདུ་འཚོགས་ནས་ཁོང་ཚོས་ཡུག་རེན་འབྲེལ་ཡོད་གྲོས་མོལ་ལས་ཕུད་པར་སེམས་ཁྲལ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་གནས་བབ་ལ་ལངས་ཕྱོགས་ཅི་ཞིག་འཛིན་གྱི་ཡོད་ཞེས་དྲིས།

གོ་ཅ་ཁུན་གྱིས་དེའི་ཐད་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གླེང་མོལ་དང་གྲོས་མོལ་བྱ་རྒྱུ་ནི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པའི་ངོས་འཛིན་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཁ་ཏ་བསླབ་བྱ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས། ཨ་རི་དང་ཨུ་རུ་སུའི་བར་ཞི་བའི་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་བྱུང་བ་ཚུད་པའི་ཞི་བའི་གྲོས་མོལ་ལ་གཞོལ་བའི་འབད་བརྩོན་མཐའ་དག་ང་ཚོས་དགའ་བསུ་བྱེད་པ་དང་ཆབས་ཅིག ང་ཚོས་དོ་བདག་ཕྱོགས་དང་ཁེ་ཕན་ཕྱོགས་ཚང་མ་དུས་ཐོག་ཏུ་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ནང་ཞུགས་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད།