འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།ཟླ་བ་དང་པོར་ནུས་གསར་རླངས་འཁོར་ཐོན་འཚོང་གི་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོར་ནུས་གསར་རླངས་འཁོར་ཐོན་འཚོང་གི་འཕར་ཚད་ཅུང་མགྱོགས་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་རླངས་འཁོར་ཁྲི་101.5དང་ཁྲི་94.4ཁག་སོ་སོར་ཟིན་པ་དེ་དུས་མཚུངས་ལས་29%དང་29.4%སོ་སོར་འཕར་ནས་ནུས་གསར་རླངས་འཁོར་གསར་པ་བྲིན་ཚོང་བྱེད་ཚད་དེ་རླངས་འཁོར་གསར་པ་བྲིན་ཚད་བསྡོམས་འབོར་གྱི་38.9%བཟུང་ཡོད།

ཟླ་བ་དང་པོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་245ཟིན་པ་དེ་དུས་མཚུངས་ལས་1.7%འཕར་བ་དང་། རླངས་འཁོར་བྲིན་ཚོང་བྱེད་ཚད་ཁྲི་242.3ཟིན་པ་དེ་དུས་མཚུངས་ལས་0.6%ཆག་ཡོད། “རྙིང་པ་གསར་པར་བརྗེ་བའི”སྲིད་ཇུས་དང་དཔྱིད་གསར་དུས་ཆེན་གྱི་དཔལ་འབྱོར་གྱི་གཞོགས་འདེགས་སོགས་རྒྱུ་རྐྱེན་བཟང་པོའི་སྐུལ་འདེད་འོག་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཤུགས་རྐྱེན་ཐེབས་རུང་ཟླ་བ་དང་པོར་རླངས་འཁོར་ཐོན་སྐྱེད་བྱེད་ཚད་སྔར་བཞིན་ཅུང་འཕར་ནས་ལས་རིགས་བརྟན་པོ་ཡོང་བའི་འགོ་ཡག་པོ་ཞིག་བཙུགས་ཡོད། དེའི་ཁྲོད་འཚོ་སྤྱོད་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁྲི་215.1དང་ཁྲི་213.3སོ་སོར་ཟིན་པ་དེ་དུས་མཚུངས་ལས་3.3%དང་0.8%སོ་སོར་འཕར་ཡོད།

ནུས་གསར་རླངས་འཁོར་ཕྱིར་གཏོང་ཐུབ་ཚད་སྲོལ་རྒྱུན་གྱི་སྣུམ་འཁོར་ལས་ལེགས་པ་ཡོད་ཅིང་། ཟླ་བ་དང་པོར་རླངས་འཁོར་ཁྲི་47ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་6.1%འཕར་ཡོད། ནུས་གསར་རླངས་འཁོར་ཁྲི་15ཕྱིར་གཏོང་བྱས་པ་དེ་ཟླ་བསྡུར་ལས་12.6%འཕར་བ་དེ་དུས་མཚུངས་ལས་49.6%འཕར་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། རིག་རྡོར་གྱིས་ཞུས)