འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།2024ལོར་རང་རྒྱལ་དུ་རྒྱ་མཚོའི་སྣུམ་རླངས་གསོར་ཁྲོན་ཆིག་སྟོང་ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། 2024ལོར་རང་རྒྱལ་གྱི་རྒྱ་མཚོའི་གསོར་ཁྲོན་གྲངས་འབོར་1000ལྷག་ཙམ་ཟིན་པ་དང་འགག་རྩའི་ལག་རྩལ་ཁག་10ལྷག་ཙམ་ལ་ཚད་བརྒལ་གསར་པ་བྱུང་ཡོད།

རྒྱ་མཚོའི་གསོར་ཁྲོན་ལ་ཉེན་ཁ་ཆེན་པོ་དང་། མ་གནས་མཐོ་པོ། ལག་རྩལ་མཐོ་པོ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་གྱི་གསོར་འབིགས་ལག་རྩལ་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་ནས། གཏིང་ཚད་རིང་བ་དང་། གཏིང་ཚད་འབྲིང་བ། གཏིང་ཚད་ཐུང་བ་བཅས་ཀྱི་གསོར་ཁྲོན་དང་དེ་བཞིན་སིམ་ཁག་པའི་གསོར་ཁྲོན་སོགས་རྙོག་འཛིང་ཆེ་བའི་ཁྱབ་ཁོངས་ཀྱི་སྣུམ་རླངས་ནུས་ལྡན་ངང་གསར་སྤེལ་བྱས་པས། རྒྱལ་ནང་གི་མཚོ་སྟེང་གི་ལོའི་ཆ་སྙོམས་ཀྱི་སྣུམ་རླངས་གསོར་ཁྲོན་གྲངས་འབོར“ལོ་ལྔ་ཚན་བཅུ་གསུམ་པ”ལས་60%ཡན་འཕར་ཡོད་པ་རེད།

རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2024ལོར་རང་རྒྱལ་གྱི་རྒྱ་མཚོའི་སྣུམ་རླངས་ཐོན་ཚད་ཀྱི་ཚད་ལྡན་སྣུམ་ཏུན་ཁྲི་8500ལས་བརྒལ་ནས་སླར་ཡང་ཚད་གཞི་མཐོ་ཤོས་བཏོད་ཡོད།