གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་20ཉིན། 15:14】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ཀན་ཀྲོའུ་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོཌ་ཤིང་། ཚོགས་འདུའི་ཐོག ད་ལོ་ནི་བར་བརྒལ་དུས་རིམ་གྱི་ལོ་མཇུག་ཤོས་དེ་ཡིན་པས། དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་ཡོང་བའི་མཐའ་ཚད་བརྟན་པོར་སྲུང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་མུ་མཐུད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞིའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཚོཌ་འདུའི་ཐོག་དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་རྒྱུན་མཐུད་གཏོང་བ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་བརྟན་པོ་བྱེད་པར་དམིགས་ནས་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་པ། དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྲངས་གཞི་ཆེན་པོའི་ཆ་འཕྲིན་མ་ལག་གི་ནུས་པ་ཡག་པོ་འདོན་པ་བཅས་བྱས་ཏེ། ཞིང་དུད་ཀྱི་རེ་ཞུ་དང་། སྡེ་ཚན་གྱི་དབྱེ་བཤེར་དང་སྔོན་བརྡ། གཞི་རིམ་ལས་བྱེད་པའི་རྒྱུན་གཏན་གྱི་འཚམས་འདྲི་བཅས་ཟུང་འབྲེལ་བྱེད་པའི་བྱ་ཐབས་མང་ཙམ་སྤྱད་ནས་དབྱེ་འབྱེད་བྱེད་དགོས། དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་ཡོད་པའི་ཞིང་དུད་ཚང་མར་དམ་པོར་དམིགས་ཏེ། ཉེན་ཁ་ཡོད་པ་ཤེས་རྟོཌ་བྱུང་རིགས་ལ་རོགས་སྐྱོར་གྱིས་རོགས་སྐྱོར་བྱེད་ཁེངས་སུ་འཇུག་དགོས་རིགས་རོགས་སྐྱོར་བྱེད་ཁེངས་སུ་འཇུག་པ་དང་རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར་བྱས་ནས་ཉེན་ཁ་སྟབས་བསྟུན་ངང་སེལ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ཏེ། རོགས་སྐྱོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ་དང་། རོགས་སྐྱོར་མ་དངུལ་དང་། རྣམ་གྲངས། རྒྱུ་ནོར་བཅས་ལ་དོ་དམ་གཞི་གཅིག་ཏུ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་སྒྲུབ་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་བརྟན་པོ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
(སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)