འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།སི་ཁྲོན་དབྱི་པིན་ཅུན་ལན་རྫོང་གི“2·8”རི་ཉིལ་བའི་གེགས་རྗེས་བསྐྱར་སྐྲུན་ལས་དོན་བརྟན་པོའི་ངང་སྤེལ་བཞིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་17ཉིན་གསར་འགོད་པར་སི་ཁྲོན་ཅུན་ལན་རྫོང་གི“2·8”རི་ཉིལ་བའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། གནོད་འཚེ་ཐོན་རྗེས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག མེ་ཟོན་རོགས་སྐྱོབ། ཕྱོགས་བསྡུས་འཕྲལ་སྡོམ། སྤྱི་བདེ། འགྲིམ་འགྲུལ། སྨན་བཅོས་སོགས་ཕྱོགས་བསྡུས་རོགས་སྐྱོབ་མི་སྣ་3000ལྷག་ཙམ་གྱིས་རྫི་ཁྱི་དང་། མི་མེད་གནམ་གྲུ གསོན་པོ་འཚོལ་ཆས། ལས་གྲྭའི་འཕྲུལ་ཆས་ཆེ་གྲས་སོགས་ཀྱི་སྒྲིག་ཆས་སྤྱད་དེ་མྱུར་དུ་ཉེན་སེལ་རོགས་སྐྱོབ་བྱས་ཡོད། ཟླ་2ཚེས་17ཉིན་གྱི་ཆུ་ཚོད་12བར་ད་ཐེངས་ཀྱི་རི་ཉིལ་བའི་གནོད་འཚེས་རྐྱེན་པས་མི་2ལ་རྨས་སྐྱོན་ཕོག་པ་དང་། མི་10རྐྱེན་ལམ་དུ་སོང་བ། མི་19འབྲེལ་བ་ཆད་པ། ཁང་པ་10ས་འོག་ཏུ་མནན་པ། ལོ་ཏོག་སྤྱི་ཆིང་100ལྷག་ཙམ་ལ་གནོད་འཚེ་བཟོས་ཡོད་པ་རེད།

མིག་སྔར། དུད་ཚང་139ཡི་མི་767ཉེན་གཡོལ་གནས་སྤོ་ཟིན་པ་མ་ཟད་བཀོད་སྒྲིག་ཀྱང་འོས་འཚམ་བྱས་ཡོད། ཅུན་ལན་རྫོང་གིས་འདུས་སྡོད་བྱ་ཡུལ་བདམས་ཟིན་པ་དང་འཆར་འགོད་ཇུས་འགོད་སོགས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་སྤེལ་འགོ་ཚུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྒྱུན་གཏན་སྒྲིག་ལམ་ནུས་ཤུགས་ཡོད་རྒྱུས་སླར་གསོ་བྱེད་བཞིན་ཡོད་པ་རེད།