འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།རང་རྒྱལ་གྱི་ལྗང་མདོག་དངུལ་བུན་མུ་མཐུད་འཕར་སྣོན་མགྱོགས་པོ་འགྲོ་བ།

རང་དངུལ་དང་ཕྱི་དངུལ་གྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་36ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲཌ་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོའི་དུས་ཚིགས་བཞི་པའི་དུས་མཇུག་བར། རང་རྒྱལ་གྱི་རང་དངུལ་དང་ཕྱི་དངུལ་གྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་36.6ཟིན་པ་དེ་དུས་མཚུངས་ལས་21.7%འཕར་བ་དང་། འཕར་ཚད་དངུལ་བུན་ཁག་ལས་བརྒྱ་ཆའི་གྲངས་14.5ཡིས་མཐོ་བ་ཡོད་པ། ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི་6.52འཕར་ཡོད་པ་རེད། དེའི་ནང་ཐད་ཀར་དང་གཞན་བརྒྱུད་ནས་ཐཱན་འབུད་ཉུང་གཏོང་གི་ཕན་འབྲས་ལྡན་པའི་རྣམ་གྲངས་ལ་བཏང་བའི་དངུལ་བུན་སྒོར་དུང་ཕྱུར་ཁྲི་12.25དང་སྒོར་དུང་ཕྱུར་ཁྲི་12.44སོ་སོར་ཟིན་པའི་ནང་བསྡོམས་ལྗང་མདོག་དངུལ་བུན་གྱིས་67.5%བཟུང་ཡོད་པ་རེད།

སྤྱོད་སྒོ་ནས་བལྟས་ཚེ། རྨང་གཞིའི་སྒྲིག་བཀོད་ཀྱི་ལྗང་མདོག་རིམ་སྤོར་ཐོན་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས་བཅས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་15.68དང་། སྒོར་དུང་ཕྱུར་ཁྲི་9.89 སྒོར་དུང་ཕྱུར་ཁྲི་5.04བཅས་སོ་སོར་ཟིན་པ་དེ་དུས་མཚུངས་ལས་19.8%དང་། 25.6% 19.6%བཅས་སོ་སོར་འཕར་བ་དང་། ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི་2.6དང་། སྒོར་དུང་ཕྱུར་ཁྲི་2.02 སྒོར་དུང་ཕྱུར་8244བཅས་སོ་སོར་འཕར་ཡོད་པ་རེད། ལས་རིགས་ནས་བལྟས་ཚེ། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་8.85ཟིན་པ་དེ་དུས་མཚུངས་ལས་20.9%འཕར་བ་དང་ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི་1.52འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་འཇུག སྦྲག་སྲིད་ལས་རིགས་བཅས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་5.92ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བ་དང་ལོ་ཧྲིལ་པོར་སྒོར་དུང་ཕྱུར་6145འཕར་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)