འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།2024ལོར་བོད་ཀྱིས་ཆུ་བེད་ཀྱི་མ་དངུལ་སྒོར་དུང་ཕྱུར་100.19ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་2025ལོའི་བོད་ལྗོངས་ཆུ་བེད་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོར་བོད་ཀྱིས་ཆུ་བེད་ཀྱི་མ་དངུལ་སྒོར་དུང་ཕྱུར་100.19ཕྱོགས་ཡོངས་་ནས་དོན་འཁྱོལ་བྱས་པ་དེ་དུས་མཚུངས་ལས་35.7%འཕར་བ་དང་། མ་དངུལ་སྒོར་དུང་ཕྱུར་83.23ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་40%འཕར་ཏེ། གཉིས་ཀས“ལོ་ལྔ་ཚན་བཅུ་བཞི་པའི”ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་འགན་སྲུང་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། རྫོང(ཆུས)57ལ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་རྫོང་ཁོངས་སྤྱི་འདོམས་མངོན་འགྱུར་བྱུང་བ་དང་རིགས་ཁག་གི་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་15.83དོན་འཁྱོལ་བྱས་པས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲི་37.45ཡི་འཐུང་ཆུའི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ་དང་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད་68.7%ཟིན་ཡོད། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་8.91གཤམ་སྤྲོད་བྱས་པས་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི་60.25ཆེ་རུ་དང་ལེགས་སུ་ཕྱིན་ཡོད་པ་རེད།

     ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་ལ་བདག་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། རྫོང་ཁོངས་6གི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཀྱི་ཚད་ལོན་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། ཀྲུང་དབྱང་རྩིས་བཤེར་གྱིས་ཆུའི་བདེ་འཇགས་ཀྱི་ཚུར་ལེན་གནད་དོན་གསར་པ་193ཚང་མ་ཟླ་2ཀྱི་སྔ་སྣུར་དུ་དག་ཐེར་ཐོ་སུབ་བྱས་པ། ཁྲིམས་འགལ་གྱི་བྱེ་སེག་སྔོག་འདོན་གྱི་གྱོད་གཞི་41ཞིབ་བཤེར་ཐག་གཅོད་བྱས་པ། ཁྲིམས་འགལ་གྱི་བྱེ་སེག་སྔོག་ས་175མེད་པ་བཟོས་པ། ཁྲིམས་ལས་འགལ་ཏེ་སྔོག་པའི་བྱེ་སེག་ཏུན་7499གཞུང་བཞེས་བཏང་བ་བཅས་ལས་ཆུ་ལམ་དུ་ཁྲིམས་ལས་འགལ་ཏེ་བྱེ་སེག་སྔོག་པའི་བྱེད་སྤྱོད་ལ་བཀག་འདོམས་ནུས་ལྡན་ཐུབ་ཡོད། ཆུ་མཚོ་མཛོད་གསུམ་གྱི“གང་བྱུང་བཞིའི”གནད་དོན་སྐབས་བསྟུན་གཙང་སེལ་མཐའ་འཁྱོངས་བྱས་ནས་གནད་དོན་ཁག་36རང་བཤེར་རང་བཅོས་ཐུབ་པ་དང་ཆབས་ཅིག་ཚང་མ་དག་ཐེར་ཐོ་སུབ་བྱས་ནས་བོད་རང་སྐྱོང་ལྗོངས་རིམ་པའི་དྭངས་གཙང་གི་ཆུ་མཚོ་33འཛུགས་གཏོད་བྱས་ཡོད། ས་ཆུ་ཤོར་བར་སྔོན་འགོག་དང་ལྟ་སྐུལ་ཕྱོགས་ཡོངས་ནས་བྱས་ཏེ་ས་ཆུ་ཤོར་བ་བཅོས་སྐྱོང་གི་འདུ་འགོད་7ལག་བསྟར་བྱས་ནས་ས་ཆ་སྤྱི་ལེ་ངོས་གྲུ་231ལ་སྔོ་འགྱུར་བྱས་ཡོད་པ་རེད།