འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།ཀྲུང་གོས་ཅ་ཧྲ་ས་ཁུལ་ལ་ཁག་གསར་པའི་མི་ཆོས་རིང་ལུགས་ཀྱི་ཛ་དྲག་དངོས་ཟོག་རོགས་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལཱ་མོ་ཨན་ལཱ་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཕ་ལེ་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་ཡིས་ཕ་ལེ་སི་ཐན་གྱི་སྤྱི་ཚོགས་འཕེལ་རྒྱས་པུའུ་ཀྲང་ས་མ་ཧེ·ཧཱ་མཱ་ཏེ་དང་མཉམ་དུ་ཀྲུང་གོ་སྲིད་གཞུང་གིས་ཅ་ཧྲ་ས་ཁུལ་ལ་ཁག་གསར་པའི་མི་ཆོས་རིང་ལུགས་ཀྱི་ཛ་དྲག་དངོས་ཟོག་རོགས་སྐྱོར་བྱེད་པའི་བརྗེ་ཡིག་ལ་མིང་རྟགས་བཀོད་པ་རེད།

   ཕ་ལེ་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་ཡི་གནས་སྐབས་ལས་ཚབ་པ་ལི་ཤིན་གྱིས། ཁག་འདིའི་རོགས་སྐྱོར་ནི་ཀྲུང་གོ་ཕྱོགས་ཀྱིས་2024ལོར་ཁྱབ་བསྒྲགས་བྱས་པའི་ཕ་ལེ་སི་ཐན་ལ་རོགས་སྐྱོར་བྱེད་པའི་བྱ་ཐབས་དོན་འཁྱོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་གྱི་ཧཱ་ཞི་མུའུ་དགེ་སྒྲུབ་རྩ་འཛུགས་དང་མཉམ་ལས་བྱས་ཏེ། ཅ་ཧྲ་ཡི་ཁྱིམ་ཚང་ཁྲི་6ལ་བཟའ་བཅའི་ཁུག་མ་མཁོ་འདོན་བྱེད་ཀྱི་ཡིན་ཞེས་བརྗོད།

    ས་མ་ཧེ་ཡིས། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་དྲང་བདེན་ལངས་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཕ་ཁི་སི་ཐན་སྲིད་གཞུང་གིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཕ་ལེ་སི་ཐན་ཕྱོགས་ལ་རོགས་སྐྱོར་སྣ་ཚོགས་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།