འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།“ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”

—— འཇར་མན་དུ་ཡོད་པའི་ཀྲུང་གོའི་རོགས་ཟླའི་འཕེལ་རྒྱས་སྒྲིག་གཞིའི་འགན་འཁུར་བ་མ་ལི་ན·ས་ལན་ཏེར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:30】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀྲུང་ཧྭ།

    “ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དུས་མཚུངས། ཀྲུང་གོ་སྲིད་གཞུང་གིས་དམངས་འཚོ་ལེགས་སུ་རྒྱུན་ཆད་མེད་པར་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཀྲུང་གོའི་ཁྲོམ་ར་ནི་རྒྱལ་སྒྲོལ་ཁེ་ལས་མི་ཉུང་བ་ཞིག་གི་འཕར་སྣོན་སྒུལ་ཤུགས་སུ་གྱུར་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་རྒྱུན་ཆད་མེད་པར་གཏོང་བ་དང་བསྟུན་ནས། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་འཇར་མན་དུ་ཡོད་པའི་ཀྲུང་གོའི་རོགས་ཟླའི་འཕེལ་རྒྱས་སྒྲིག་གཞིའི་འགན་འཁུར་བ་མ་ལི་ན·ས་ལན་ཏེས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད།

     ཀྲུང་གོ་དང་འབྲེལ་བ་བཙུགས་པའི་བརྒྱུད་རིམ་སྐོར་གླེང་སྐབས་ས་ལན་ཏེས། “མཐོ་རིམ་སློབ་འབྲིང་འགྲིམ་སྐབས། རང་ཉིད་ཀྲུང་གོར་ཧ་ཅང་དགའ་པོ་ཆགས་སོང་། རྒྱུན་དུ་སློབ་གྲྭའི་དཔེ་མཛོད་ཁང་ནས་ཀྲུང་གོ་ངོ་སྤྲོད་བྱེད་པའི་དཔེ་དེབ་གཡར་ནས་ཀློག་གི་ཡོད། དུས་དེ་ནས་བཟུང་ཀྲུང་གོར་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ལྡན་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་བྱུང་། རང་ཉིད་ཀྱང་འཇར་ཀྲུང་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་སྐུལ་འདེད་གཏོང་མཁན་ཞིག་ཏུ་འགྱུར་རྒྱུབའི་རེ་བ་ཡོད”ཅེས་བརྗོད། དེར་བརྟེན། མཐོ་འབྲིང་ནས་ཐོན་རྗེས། ཁོང་གིས་ཐེ་ཚོམ་མེད་པར་ཐུའུ་པིན་ཀེན་སློབ་ཆེན་དུ་ཞུགས་ནས་ཀྲུང་གོའི་ལོ་རྒྱུས་དང་། རིག་གནས། མཚན་ཉིད་རིག་པ། དཔལ་འབྱོར་སོགས་ལ་སློབ་སྦྱོང་བྱས་པ་རེད། 1973ལོར་ཀྲུང་གོར་རྒྱུས་ལོན་སྔར་ལས་གཏིང་ཟབ་ཡོང་ཆེད། ཁོང་གིས་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་རེ་ཞུ་བྱས་ཏེ་པེ་ཅིང་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་བསྐྱོད།

      ཀྲུང་གོའི་མཉམ་ལས་རོགས་ཟླ་དང་ཚོང་ཤག་མང་པོ་དང་ལོ་མང་མཉམ་ལས་བྱེད་རིང་། ས་ལན་ཏེས་ཧ་ལམ་ཀྲུང་གོའི་ས་ཆ་མང་ཆེ་བ་བསྐོར་མྱོང་བས། ཁོང་གིས་ཀྲུང་གོའི་འགྱུར་ལྡོག་ཆེན་པོའི་བདེན་དཔང་བྱས་ཡོད། “འཇར་ཀྲུང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་ཆེད། ངས་ཀྲུང་གོའི་རོགས་ཟླའི་འཕེལ་རྒྱས་སྒྲིག་གཞི་བཙུགས་ཏེ། འཇར་མན་ཁེ་ལས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་སྐབས་བློ་འདྲི་དང་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པར་གཞོལ་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་སྒྲིག་གཞིའི་དབར་ཕན་ཚུན་བསམ་ཤེས་དང་སྤེལ་རེས་ཟབ་ཏུ་བཏང་ཡོད”

     “ཀྲུང་གོར་སྲིད་ཇུས་ཀྱི་ཁོར་ཡུག་བརྟན་ལ་བཟང་བ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་ལྡན་པ་དེས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནང་སྐྱེས་ཀྱི་སྒུལ་ཤུགས་མཁོ་འདོན་བྱས་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལའང་གོ་སྐབས་གསར་པ་སྦྱིན་ཡོད” ས་ལན་ཏེས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེས་རྒྱལ་ཁབ་ཁག་གི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་ཐུབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། “མིག་སྔར། འཇར་ཀྲུང་དབར་གྱི་དཔལ་འབྱོར་སྤེལ་རེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པས། རྒྱལ་ཁབ་གཉིས་པོས་མུ་མཐུད་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་དབར་ལེགས་ཆ་གསབ་རེས་དང་མཉམ་ལས་གཉིས་ཁེའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”