འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་21ཉིན།

༄༅།།མི་30རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 17:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་19ཉིན། པོ་ལི་ཝེ་ཡའི་དམངས་འགོག་པུའུ་ཡིས་བརྡ་ཁྱབ་བཏང་ནས་རྒྱལ་ཁབ་དེར་དྲག་ཆར་གྱི་རྐྱེན་པས་ཤི་གྲངས་30བར་མང་དུ་ཕྱིན་པ་དང་། གཞན་ཡང་མི་5གར་སོང་ཆ་མེད་དུ་གྱུར་ནས་ཁྱིམ་ཚང་ཁྲི་12.6ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཚུལ་བཤད།

དམངས་འགོག་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འདས་ཟིན་པའི་གཟའ་འཁོར་གཅིག་ནང་ཁྱིམ་ཚང་ཁྲི་1ལས་བརྒལ་བར་གནོད་འཚེ་ཕོག་པ་དང་མི་2ཆུ་ལོག་གི་རྐྱེན་པས་ཤི་བ་རེད། དྲག་ཆར་དང་ཆུ་ལོག་མང་བའི་རྐྱེན་གྱིས་རྒྱལ་ཁབ་འདིའི་ནུབ་ཕྱོགས་ཀྱི་ལཱ་པ་སི་ཞིང་ཆེན་ཛ་དྲག་ཆེ་བའི་གནས་སུ་ལྷུང་བ་ཁྱབ་བསྒྲགས་བྱས།

པོ་ལི་ཝེ་ཡའི་རྒྱལ་ཁབ་ཀྱི་གནམ་གཤིས་དང་ཆུ་དཔྱད་ཅུས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཆར་པ་ཟླ་བཞི་བའི་བར་དུ་འབབ་རྒྱུ་རེད།