འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་21ཉིན།

༄༅།།ཡུག་རེན་གྱི་ཙུང་ཐུང་དང་བྱང་ཆིངས་ཀྱི་འགོ་ཁྲིད་ཀྱིས་དོན་འདི་དག་གླེང་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 17:18】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་19ཉིན། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་དེའི་གཞུང་ཕྱོགས་ཀྱི་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་ཐོག་ཁོ་པས་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལུའེ་ཐེ་ལ་ཁ་པར་བརྒྱབ་ནས། ཐུར་ཁེའི་བདེ་འཇགས་འགན་སྲུང་ཐད་ཀྱི་ནུས་པར་གྲོས་བསྡུར་བྱས་པ་ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང་། ལུའེ་ཐེ་ཡིས་ཁ་པར་ནང་ཨ་རིའི་སྲིད་གཞུང་དང་ཡུག་རེན་དང་ཨུ་རུ་སུའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཅི་སི་·ཁེ་ལོ་ཀེ་དང་མཇལ་འཛོམས་གནང་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

ཕྱོགས་གཉིས་ཀས་མ་འོངས་པར་མཉམ་ལས་རོགས་པའི་འབྲེལ་བ་དང་སྔར་ལས་ལྷག་པའི་བྱེད་ཐབས་ཐད་ཀྱང་མཐུན་སྦྱོར་བྱེད་པའི་གྲོས་བསྡུར་བྱས། ཙེ་ལེན་སི་ཅི་ཡིས་གྲོས་མོལ་གང་རུང་ཞིག་མ་བྱས་གོང་། མཉམ་ལས་རོགས་ཟླ་ཚང་མས་ཡུག་རེན་ལ་བདེ་འཇགས་འགན་སྲུང་ནུས་ལྡན་བྱ་རྒྱུ་ནི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་དམིགས་བསལ་གྱི་བྱ་བ་ཞིག་ཡིན་པ་ངོས་འཛིན་གསལ་པོ་བྱེད་དགོས་ཞེས་བཤད་པ་རེད།as