གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་21ཉིན། 15:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྐུལ་སྤེལ་མནའ་འབྲེལ་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་གྲངས་འབོར་ཁྲི་1300ལྷག་ཙམ་ཟིན་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། ཟླ་བ་དང་པོར་རང་རྒྱལ་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཕར་ཚད་ཁྲི་39.5ཟིན་པ་དེ་དུས་མཚུངས་ལས་49.5%འཕར་ཡོད། དེའི་ནང་སྤྱི་པའི་གློག་སྡོང་འཕར་ཚད་ཁྲི་18.1ཟིན་པ་དེ་དུས་མཚུངས་ལས་222.5%འཕར་བ་དང་། རླངས་འཁོར་དང་མཉམ་དུ་སྤྲད་པའི་མི་སྒེར་གྱི་གློག་སྡོང་འཕར་ཚད་ཁྲི་21.4ཟིན་པ་དེ་དུས་མཚུངས་ལས་2.9%འཕར་ཡོད། ཟླ་བ་དང་པོའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་རྩིས་གྲངས་འབོར་ཁྲི་1321.3ཟིན་པ་དེ་དུས་མཚུངས་ལས་49.1%འཕར་ཡོད། སྤྱི་པའི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ས་ཁོངས་ཅུང་གཅིག་སྡུད་ཡིན་པའི་ཀོང་ཏུང་དང་། ཀྲེ་ཅང་། ཅང་སུའུ། ཧྲང་ཧའེ། ཧྲན་ཏུང་སོགས་ས་ཁུལ་10ཡིས་བཟོས་པའི་སྤྱི་པའི་གློག་སྡོང་བཟུང་ཚད་67.9%ཟིན་ཡོད་པ་རེད།
ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྐུལ་སྤེལ་མནའ་འབྲེལ་གྱི་འབྲེལ་ཡོད་འགན་འཁུར་བས། 2024ལོར། རང་རྒྱལ་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཕར་ཚད་ཁྲི་422.2ཟིན་པ་དེ་དུས་མཚུངས་ལས་24.7%འཕར་བ་དང་། རླངས་འཁོར་དང་མཉམ་དུ་སྤྲད་པའི་གློག་སྡོང་འཕར་ཚད་ཀྱི་བསྡུར་གྲངས1:2.7ཡིན་ཞིང་། སྔོན་དཔག་བྱས་ན་2025ལོར་རླངས་འཁོར་དང་མཉམ་དུ་སྤྲད་པའི་གློག་སྡོང་ཁྲི་361.9གསར་འཕར་དང་སྤྱི་པའི་གློག་སྡོང་ཁྲི་103.8གསར་འཕར་བྱུང་ནས་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དགོས་མཁོ་གཞི་རྩའི་ཆར་སྐོང་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།
(ཕུར་སྒྲོན་གྱིས་བསྒྱུར། པ་ཚེས་ཞུས)