ཧང་ཀྲོའུ་མཚོ་ཁུག་གི་རྒྱ་མཚོ་སྒྲོལ་བའི་ལྕགས་ལམ་ཟམ་ཆེན་སྐྲུན་པར་སྐྱོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་21ཉིན། 15:28】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི“ཨེར་ཧང་ཁྲང་ཆིང”རྟགས་ཅན་གྱི་གྲུ་གཟིངས་ཤར་རྒྱ་མཚོའི་ལས་གྲྭ་ཀུང་སིའི་གྲུ་ཁ་ནས་ཐོན་བཞིན་པ། ཁྲེན་དབྱི་ཧའེ་ཡིས་པར་བརྒྱབ(མི་དམངས་མཐོང་ཚོར)
འདི་ག་ཚགས་པར་ཁང་དུ་ནན་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཐོག་གི་ལྕགས་སྒྲོམ་མཐོ་ཤོས་དང་། ཕུར་འདེབས་ནུས་པ་ཆེ་ཤོས། ཕུར་པའི་གཏིང་ཚད་རིང་ཤོས། རྒྱ་མཚོའི་རླུང་འཚུབ་འགོག་ནུས་ཆེ་ཤོས་བཅས་ཀྱི་ཕུར་འདེབས་གྲུ་གཟིངས“ཨེར་ཧང་ཁྲང་ཆིང”རྟགས་ཅན་ཟླ་2ཚེས་17ཉིན་ཅང་སུའུ་ནན་ཐུང་ཆི་ཏུང་ཀུང་སིའི་གྲུ་ཁ་ནས་ཐོན་འགོ་ཚུགས་པ་རེད། དེ་ཐོག་ནས་རང་རྒྱལ་གྱི་ཆུ་སྟེང་ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་འཕྲུལ་ཆས་ཆེ་གྲས་ཤིག་མང་དུ་ཕྱིན་པ་མཚོན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲུ་གཟིངས་དེ་ན་ནིང་ཟླ་1ཚེས་18ཉིན་ནས་སྐྲུན་འགོ་ཚུགས་པ་དང་། སྤྱིའི་རིང་ཚད་ལ་སྨི་130.5དང་། ཞེང་ཚད་ལ་སྨི་40.8 ཆུ་འོག་ཏུ་འཛུལ་བའི་གཏིང་ཚད་སྨི་8.4 ལྕགས་སྒྲོམ་གྱི་མཐོ་ཚད་ལ་སྨི་150བཅས་ཟིན་པ་དང་། ལྕགས་སྒྲོམ་གྱི་འཕྲུལ་འཁོར་གཙོ་བོའི་འདེད་ཤུགས་ཏུན་5000ཟིན་གྱི་ཡོད། གྲུ་གཟིངས་དེས་ལྗིད་ཚད་ཏུན་700དང་བོང་ཚད་སྨི་7ཡོད་པའི་ཕུར་པ་འདེབས་ཐུབ་པ་དང་། དེར་སྒྲིག་སྦྱོར་བྱས་པའི་ཕུར་འདེབས་ངེས་གནས་མ་ལག་གིས་ལི་སྨི་རིམ་པའི་ཕུར་བ་གནད་ལ་འཕིགས་པོས་འདེབས་ཐུབ་ཀྱི་ཡོད་པ་རེད།