འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་21ཉིན།

༄༅།།བོད་ལྗོངས་ཀྱི་ཡུལ་འདི་དག་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་21ཉིན། 15:31】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་2ཚེས་21ཉིན་ནས་ཚེས་22ཉིན་བར། ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་ཁག་ཏུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་རེད། འདམ་གཞུང་རྫོང་གི་བྱང་ཤར་རྒྱུད་དང་མལ་གྲོ་གུང་དཀར་རྫོང་གི་ཤར་རྒྱུད་སོགས་ས་བབ་མཐོ་ཁུལ་དུ་ཁ་བ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་། དེ་བྱིངས་ས་ཁུལ་དུ་ཁ་ཐོར་རང་བཞིན་གྱི་ཁ་བ་འབབ་རྒྱུ་རེད།

ཟླ་2་ཚེས་23ཉིན་ནས་ཚེས་25ཉིན་བར། ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་གནམ་འཐིབས་ནས་ཁ་བ་ཆུང་བ་འབབ་རྒྱུ་དང་། མལ་གྲོ་གུང་དཀར་རྫོང་དང་འདམ་གཞུང་རྫོང་། དེ་བཞིན་ལྷུན་གྲུབ་རྫོང་སོགས་སུ་ཁ་བ་འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ་རེད།

ཟླ་2ཚེས་26ཉིན་ནས་ཚེས་28ཉིན་བར། ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་(ཁུལ་)དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ཕྱི་དྲོར་རླུང་ཆེན་པོ་ཡང་ཡང་ལྡང་རྒྱུ་རེད།