འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་21ཉིན།

༄༅།།ཡུག་རེན་གྱིས་ཨ་རིར་གཏེར་རྫས་སྔོག་འདོན་དབང་ཆ་སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་21ཉིན། 15:33】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་20ཉིན། ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་པེ་སེན་ཐེ་ཡིས། ཨ་རིས་ཨུ་རུ་སུའི་གདོང་གཏུག་གི་འབྲེལ་ཡོད་གྲོས་མཐུན་འཇོག་ཆེད་ཨུ་རུ་སུར་བཀག་སྡོམ་བྱ་རྒྱུ་ལེགས་སྒྲིག་བྱེད་སྲིད་ཅེས་བཤད་པ་རེད། པེ་སེན་ཐེ་ཡིས་ཨུ་རུ་སུའི་གདོང་གཏུག་དང་འབྲེལ་བ་ཡོད་པའི་གྲོས་མོལ་བྱེད་སྐབས་ཨ་རིས་ཨུ་རུ་སུའི་གྲོས་མོལ་གྱི་འདོད་བློ་ལྟར་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བའམ་ཉུང་དུ་གཏོང་རྩིས་ཡོད་པའི་ལྐོག་བརྡ་བཏང་བ་རེད།

དེ་མིན། པའེ་སེན་ཐེ་ཡིས་ཨ་རི་སྲིད་གཞུང་གིས་ཡང་བསྐྱར་གསེར་གྱི་གྲངས་ཚད་ལ་གདེང་འཇོག་བྱས་ནས་ཨ་རིའི་བུ་ལོན་གཏོང་ལེན་གྱི་དགོས་མཁོ་ཇེ་ཉུང་དུ་གཏོང་བའམ་ཡང་ན་བདག་དབང་གི་རྒྱུ་ནོར་ཐེབས་རྩར་མ་དངུལ་འདོན་སྤྲོད་བྱེད་པའི་ཚོད་དཔག་ལ་དགག་པ་བརྒྱབ།

པེ་སེན་ཐེ་ཡིས། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཁོ་པར་ཡུག་རེན་གྱིས་རིན་ཐང་ཨ་སྒོར་དུང་ཕྱུར་5000ཡི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་དེ་ཡུག་རེན་གྱི་གཏེར་ཁ་སྔོག་འདོན་བྱེད་དབང་རྩིས་སྤྲོད་བྱ་རྒྱུའི་འགན་སྲུང་བྱས་ཀྱང་ཉེ་ལམ་མིང་རྟགས་བཀོད་མེད་ཅེས་བཤད་པ་རེད།