འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་26ཉིན།

༄༅།།ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ཚོགས་པས་འཇར་མན་དུ་བསྐྱོད་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་26ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་24ཉིན། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཚོགས་པས་ཀྲུང་གོའི་ཁེ་ལས་པའི་འཐུས་མི་ཚོགས་པ་སྒྲིག་འཛུགས་ཀྱིས་འཇར་མན་པ་ཏེང་གི་ཧྥུ་ཐེང་པའོ་ཀྲོའུ་དང་པཱ་ཧྥ་ལི་ཡཱ་ཀྲོའུ་སོགས་སུ་བསྐྱོད་ནས། དུས་ཡུན་ཉིན་3གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོ་སྤེལ་ཏེ་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་དབར་འབྲེལ་གཏུག་དང་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཐུས་མི་ཚོགས་པ་ནི་ཀྲུང་གོ་ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་ཤིན་ཚོགས་པ། སྤྱི་སྤྱོད་ལག་རྩལ་ཚོགས་པ་སོགས་ཁེ་ལས་དང་ལས་རིགས་མཐུན་ཚོགས་30ཙམ་ལས་གྲུབ་པ་དང་། དངུལ་རྩ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། རླངས་འཁོར་བཟོ་སྐྲུན། ཞིང་ལས། འཕྲུལ་ཆས་བཟོ་སྐྲུན། ཟོག་འགྲེམས་རིག་ནུས་སྒྲིག་ཆས། ནུས་རྒྱུ་གཏེར་ཐོན། ཆ་འཕྲིན་འཕྲིན་གཏོང་། ནུས་རྒྱུ་གསར་པ། གསོ་རིག་བདེ་ཐང་སོགས་ལས་རིགས་དང་འབྲེལ་བ་ཡོད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་རེན་ཧུང་པིན་གྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་པའི་སྣེ་ཁྲིད་དེ་པ་ཏེང་གི་ཧྥུ་ཐེང་པའོ་ཀྲོའུ་སྲིད་གཞུང་དང་པཱ་ཧྥ་ལི་ཡཱ་ཀྲོའུ་སྲིད་གཞུང་གི་འགན་འཁུར་བ་དང་། དེ་བཞིན་པོ་ཧྲི་དང་། ཏའེ་མུའུ་ལེ། མེ་སའེ་ཏེ་སི་པིན་ཁྲི། པའོ་མཱ། ཝ་ཁེ་རྫས་འགྱུར་སོགས་འཇར་མན་གྱི་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་རྒྱ་ཁྱབ་གཏིང་ཟབ་བྱས་པ་དང་། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་འདེད་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་སོགས་ཀྱི་བྱེད་སྒོར་ཞུགས་པ་རེད།