གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་26ཉིན། 15:26】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་25ཉིན། ཡུག་རེན་གྱི་ཆེས་མཐོའི་ལཱ་ཏྭ་(གྲོས་ཁང་)གིས་ཡུག་རེན་གྱི་ཙུང་ཐུང་འདེམས་བསྐོ་དེ་དམག་མཚམས་འཇོག་རྒྱུ་དང་ཡུན་རིང་ཞི་བདེའི་འགན་ལེན་ཐོབ་རྗེས་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
གསལ་བསྒྲགས་ནང་བསྟན་དོན། རྩ་ཁྲིམས་གཞིར་བཟུང་ན། ཡུག་རེན་གྱིས་དམག་འཁྲུག་སྐབས་ཀྱི་གནས་ཚུལ་འོག་འདེམས་བསྐོ་བྱས་མི་ཆོག དུས་མཚུངས་སུ། ཡུག་རེན་མི་དམངས་ཀྱིས་འདེམས་བསྐོ་དེ་རིགས་དམག་འཁྲུག་མཇུག་བསྒྲིལ་རྗེས་བྱ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཆེས་མཐོའི་ལཱ་ཏྭ་ཡིས་ཡུག་རེན་གྱི་མངའ་ཁོངས་སུ་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་ཞི་བདེ་བཅས་མངོན་འགྱུར་ཡོང་བའི་ངོས་འཛིན་བྱས་རྗེས། ཙུང་ཐུང་འདེམས་བསྐོ་བྱ་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། འདེམས་བསྐོ་དེ་རྒྱལ་སྤྱིའི་འདེམས་བསྐོ་ཡོད་ཚད་ཀྱི་ཚད་གཞི་ལྟར་བྱ་རྒྱུའི་ཁག་ཐེག་ཀྱང་ཏན་ཏིག་བྱ་རྒྱུ་རེད།
གསལ་བསྒྲགས་ནང་། ཙེ་ལེན་སི་ཅི་ནི་རང་དབང་དང་། ཕྱི་གསལ་ནང་གསལ། དམངས་གཙོའི་འདེམས་བསྐོ་བཅས་ལ་བརྟེན་ནས་བདམས་ཐོན་བྱུང་བའི་ཡུག་རེན་གྱི་ཙུང་ཐུང་ཡིན་པ་དང་། ཁོ་པའི་འགན་འཁྲི་འཁུར་ཡུན་རིང་ཡུག་རེན་མི་དམངས་དང་ཆེས་མཐོའི་ལཱ་ཏྭ་ཡི་དོགས་འདྲི་བྱེད་མཁན་མ་བྱུང་ཞེས་བཤད་པ་རེད།