གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་27ཉིན། 14:08】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས། ཨ་རིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་མཇུག་སྒྲིལ་བའི་གྲོས་མཐུན་ནང་ཡུག་རེན་ལ་བདེ་འཇགས་འགན་སྲུང་མཁོ་འདོན་བྱེད་མི་སྲིད་མོད། འོན་ཀྱང་ཡོ་རོབ་ཀྱིས་དེ་ལྟར་བྱེད་སྲིད་ཅེས་བཤད། ཁོ་པས་ཡུག་རེན་ལ་བྱང་ཆིངས་ནང་ཞུགས་རྒྱུ་བརྗེད་རོགས་ཞེས་ཀྱང་བཤད།
ཐེ་རོན་ཕུ་ཁོ་པས་ཡུག་རེན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཨ་རིར་འཚམས་འདྲིར་ཕེབས་རྒྱུར་སྣེ་ལེན་བྱེད་པའི་འཆར་གཞི་ཡོད་པ་མ་ཟད། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་སྔར་ལས་མང་བའི་གྲོས་མོལ་བྱེད་པའི་རེ་བ་ཡོད་ཅེས་ཀྱང་བཤད།