གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་27ཉིན། 14:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་ཚེས་26ཉིན་གྱི་དགོང་མོར་བརྙན་ལམ་གཏམ་བཤད་གནང་སྐབས་བཤད་དོན། ཡུག་རེན་དང་ཨ་རིའི་ཚོགས་པས་ཚེས་28ཉིན་འཚོགས་པའི་གྲོས་མོལ་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཁོང་གིས་ཚེས་28ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཐུག་འཕྲད་གནང་རྒྱུ་ཡིན་ཞེས་བཤད་པ་རེད།
ཙེ་ལེན་སི་ཅི་ཡིས། ཨ་རིའི་རོགས་སྐྱོར་མཚམས་མི་འཇོག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ཞིང་། སྟོབས་ཤུགས་དངོས་ནི་ཞི་བདེའི་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག་མེད་དུ་མི་རུང་བ་ཞིག་རེད་ཅེས་བཤད་པ་རེད།
ཡུག་རེན་གྱི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཐེ་རོན་ཕུ་ཡིས་ཉིན་དེར་ཨ་རིའི་ཕོ་བྲང་དཀར་པོར་ནང་བློན་གྲོས་ཚོགས་འཚོག་སྐབས་སྨྱན་སྦྱོར་ཙེ་ལེན་སི་ཅིས་ཚེས་28ཉིན་ཨ་རིར་འཚམས་འདྲི་བྱ་རྒྱུ་མ་ཟད་ཨ་རིའི་གཏེར་རྫས་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་རེད་ཅེས་བཤད་པ་རེད།
ཉིན་དེའི་སྔ་ཙམ་ལ། ཙེ་ལེན་སི་ཅིས་སྨྱན་སྦྱོར་དང་གླེང་མོལ་བྱེད་སྐབས། ཡུག་རེན་དང་ཨ་རིས་ཐོག་མར་ཡུག་རེན་གྱི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུའི་སྐོར་གྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་དང་། དེའི་རྗེས་ནས་མཉམ་འབྲེལ་མ་འཇོག་ཐེབས་རྩའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་ཡིན་ཞིང་། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ཐེབས་རྩ་དེ་བདག་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཁོང་གིས་གྲོས་མོལ་བྱས་པ་བརྒྱུད། པར་གཞི་གསར་པའི་གཏེར་རྫས་གྲོས་མཐུན་ནང་ཡུག་རེན་གྱི“འབྱུང་འགྱུར་གྱི་བདེ་འཇགས་འགན་སྲུང་”གི་ནང་དོན་ཚུད་ཡོད། ཕྱོགས་གཉིས་པོས་མཐར་གྲོས་འཆམ་བྱུང་བའི་གྲོས་མཐུན་གཞིར་བཟུང་ན། ཡུག་རེན་གྱིས་ཨ་རི་ཕྱོགས་ཀྱིས་རོགས་སྐྱོར་བྱས་ཟིན་པར་བུ་ལོན་འཇལ་འགན་འཁུར་མི་དགོས་ཅེས་བཤད་པ་རེད།