འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་28ཉིན།

༄༅།།ཨུ་རུ་སུ་དང་ཨ་རིའི་འབྲེལ་བའི་ཐད་ཕུའུ་ཅིང་གིས་བཤད་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་28ཉིན། 14:05】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་27ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་ཚོགས་འདུར་ཞུགས་སྐབས། ཨུ་རུ་སུ་དང་ཨ་རིས་མཉམ་ལས་འབྲེལ་བ་བསྐྱར་དུ་འཛུགས་རྒྱུའི་གྲ་སྒྲིག་བྱས་ཡོད་ཅེས་བཤད་པ་རེད།

    ཁོང་གིས་མི་ཚང་མས་ཨུ་རུ་སུ་དང་ཨ་རིའི་བར་གྱི་སྐད་ཆ་ཤོད་རེས་མཐོང་རྒྱུར་དགའ་པོ་བྱེད་ཀྱི་མེད་པ་མ་ཟད། ལ་ལ་ཞིག་གིས་འཕེལ་རིམ་དེར་གཏོར་བཤིག་གཏོང་རྩིས་བྱེད་ཀྱི་ཡོད་པ་བསྟན། ཕུའུ་ཅིང་གིས་ཕྱི་འབྲེལ་དང་གསང་འཕྲིན་བྱ་ཐབས་ཡོད་ཚད་སྤྱད་དེ་ཨུ་རུ་སུ་དང་ཨ་རིའི་བར་གྱི་སྐད་ཆ་ཤོད་རེས་ལ་འགོག་རྐྱེན་བཟོ་བའི་ནུབ་ཕྱོགས་ཀྱི་རེ་ངན་མེད་པ་བཟོ་དགོས་ཞེས་བཤད། ཕུའུ་ཅིང་གིས་གོ་ལ་ཧྲིལ་པོའི་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་མ་ལག་འཛུགས་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཁོང་གིས་བསྟན་དོན། མ་ལག་དེའི་ཁྲོད་བརྟན་ལྷིང་ནི་ཨུ་རུ་སུ་བློས་གཏོང་གི་རིན་དོད་དུ་འཛིན་མི་རུང་། ཕུའུ་ཅིང་གིས། ཨུ་རུ་སུས་ཞི་བདེའི་བྱ་ཐབས་བརྒྱུད་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུ་དང་ལེན་གཏན་ནས་བྱེད་ཀྱི་མེད་ཅེས་བཤད་པ་རེད། ཕུའུ་ཅིང་གིས་ཨུ་རུ་སུའི་མངའ་ཁོངས་སུ་འཇིགས་སྐུལ་ཉེས་གསོག་བྱ་སྤྱོད་ཀྱི་གྲངས་འབོར་ཅུང་མང་དུ་ཕྱིན་པ་དེའི་ནང་མང་ཆེ་བ་ནི་ཡུག་རེན་གྱི་བདེ་འཇགས་སྡེ་ཚན་གྱིས་ཇུས་འགོད་བྱས་པའི་དོན་རྐྱེན་རེད་ཅེས་བཤད།