གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་28ཉིན། 15:05】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། ཨ་རིའི་ཚོང་དོན་པུའུ་ཀྲང་ལུའུ་ཐེ་ཉི་ཁེ་ཡིས་ནང་བློན་ཁང་གི་ཚོགས་འདུའི་ཐོག ཨ་རིས་རྒྱལ་ཁབ་ཁག་ལ་དམིགས་པའི་སྤྱིའི་སྒོ་ཁྲལ་བསྡུ་རྒྱུ་དེ་ཟླ་4ཚེས་2ཉིན་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཉིན་དེར་ད་དུང་ཡོ་རོབ་མནའ་འབྲེལ་ལ་25%ཡི་སྒོ་ཁྲལ་བསྡུ་རྒྱུའི་ཐག་བཅད་པ་མ་ཟད། “མགྱོགས་མྱུར་”ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད། ཁོ་པས་སྒོ་ཁྲལ་དེ་“རླངས་འཁོར་དང་དེ་བཞིན་ཚོང་ཟོག་སྣ་ཚོགས་”ལ་སྤྱད་འཐུས་ཞེས་བཤད།
དེའི་གོང་གི་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་2ཚེས་13ཉིན། ཐེ་རོན་ཕུ་ཡིས་ཙུང་ཐུང་གི་བརྗེད་ཐོ་ཞིག་ལ་མིང་རྟགས་བཀོད་དེ་འབྲེལ་ཡོད་སྡེ་ཁག་ལ་ཕྱི་རྒྱལ་གྱི་ཚོང་དོན་རོགས་ཟླ་ཚང་མ་དང་“འདྲ་མཚུངས་ཀྱི་སྒོ་ཁྲལ་”གཏན་འཁེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།