འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་6ཉིན།

༄༅།།དོན་འདིའི་ཐད་ཡོ་རོབ་མནའ་འབྲེལ་གྱིས་ཨ་རིར་སྐྱོན་བརྗོད་དྲག་པོ་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་06ཉིན། 14:20】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཨའོ་ལོ་ཧྥུ་·ཅིར་གྱིས་ཟླ་3ཚེས་4ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིས་ཁ་ན་ཏ་དང་མོ་ཞི་ཁོ་ལ་སྒོ་ཁྲལ་འཕར་མ་བསྡུས་པར་སྐྱོན་བརྗོད་བྱས་པ་མ་ཟད། ཨ་རི་ཕྱོགས་ཀྱིས་དེའི་ཉོ་ཚོང་སྲིད་ཇུས་ལ་ཡང་བསྐྱར་བསམ་གཞིག་བྱ་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས། ཟླ་2ཚེས་1ཉིན་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་དེ་ཁ་ན་ཏ་དང་མོ་ཞི་ཁོ་ནས་ནང་འདྲེན་བྱས་པའི་ཐོན་རྫས་ལ་སྒོ་ཁྲལ་འཕར་མ་25%བསྣན་པ་དེའི་ནང་ཁ་ན་ཏའི་ནུས་ཁུངས་ཐོན་རྫས་ལ་སྒོ་ཁྲལ་འཕར་མ་སྣོན་ཚད་10%ཟིན་ཡོད། ཟླ་2པའི་ཚེས་3ཉིན་ཐེ་རོན་ཕུ་ཡིས་རྒྱལ་ཁབ་གཉིས་ལ་སྒོ་ཁྲལ་འཕར་མ་བསྣན་པའི་བྱེད་ཐབས་དེ་ཉིན་30རིང་ལག་བསྟར་ཕྱིར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས། ཐེ་རོན་ཕུ་ཡིས་ཟླ་3པའི་ཚེས་3ཉིན་ཁ་ན་ཏ་དང་མོ་ཞི་ཁོ་ལ་སྒོ་ཁྲལ་འཕར་མ་སྣོན་རྒྱུའི་བྱེད་ཐབས་ཚེས་4ཉིན་ནས་གོ་ཆོད་པ་གཏན་འཁེལ་བྱས།