འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་18ཉིན།

༄༅།།མཚོ་སྔོན་གྱི་བཟོ་ལས་ཁེ་ལས་ལས་འགོ་ཚུགས་པའམ་བསྐྱར་ཚུགས་བྱེད་ཚད་80%ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་18ཉིན། 14:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ཞིང་ཆེན་དེས“འགོ་ཚུགས་མ་ཉིད་ཐག་གཅོད་དམག་འཐབ་བྱེད་པར”བརྟེན་ནས་དུས་ཚིགས་དང་པོར་འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་པའི་མཐའ་མའི་གདོང་མཆོང་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཁེ་ལས་ལས་འགོ་ཚུགས་པའམ་བསྐྱར་ཚུགས་བྱེད་ཚད་80%ཟིན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་ལས་ཀྱི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་སྔར་བས་ཡག་པོ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས“ས་གནས་བཞི་འཛུགས་སྐྲུན”དང“ཐོན་ལས་ལ་བརྟེན་ནས་ཞིང་ཆེན་དར་རྒྱས་གཏོང་བར”མཉམ་དུ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ནང་གི་ཐོན་ལས་ལས་བགོས་ནང་ཧུར་ཐག་ཞུགས་ནས་ཤར་རྒྱུད་དང་དབུས་རྒྱུད་ཀྱི་ཐོན་ལས་སྤོ་སྒྱུར་གནད་སྨིན་འབྲེལ་མཐུད་བྱས་ཡོད། ཐོན་ལས་ཀྱི་ལེགས་ཆ་སྟོབས་ཆེར་གཏོང་བ་དང་། གསར་གཏོད་ཀྱི་འཕར་ཚད་ལ་དམིགས་པ། འབྲེལ་ཐག་ཁེ་ལས་གཙོ་བོ་སྐྱེད་སྲིང་དང་ལེགས་སྒྱུར་བྱེད་པ། ནུས་པ་དང་བློ་རིག་འཕེལ་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ནུས་པ་རིམ་སྤོར་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཕྱོགས་དྲུག་གི་ཐད་ནས་འབད་བརྩོན་བྱས་ཏེ། ལྗང་མདོག་ནུས་རྒྱུ་ས་ཆ་དེ་རང་དུ་འདྲེན་སྤྱོད་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་ད་ཡོད་ཀྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་དམ་འཛིན་ཡག་པོ་བྱས་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་དང་མ་བཅོས་རྒྱུ་ཆའི་བཟོ་ལས་རྟེན་གཞིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ཁུངས་སྤུས་ལེགས་ཞིང་ཆེན་ནང་ཁུལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་གཙོ་གནད་ཐོན་ལས་འཁོར་འབྲེལ་གཅིག་བསྡུས་བྱེད་པར་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་བཏང་སྟེ། ནུས་རྒྱུ་གཙང་མ་དང་། ཚྭ་མཚེའུ་རྫས་འགྱུར་བཟོ་ལས། མདོག་ལྡན་ལྕགས་ཞུ། རྒྱུ་ཆ་གསར་པ་བཅས་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད། ས་མཐོའི་ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་དང་འདེགས་སྐྱོར་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་མཁོ་མེད་ཀྱི་འོད་ཤུགས་ལྷུ་ལག་དང་། རླུང་གློག་་འཕྲུལ་ཚན་གྱི་སྒྲོ་གཤོག ལིས་གློག་རྫས་རྙིང་པ་སོགས་སྲ་སྙིགས་ཐོན་ཁུངས་ཅན་བེད་སྤྱོད་ལག་རྩལ་གསར་པ་འགག་སྒྲོལ་དང་ཐོན་ལས་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།

ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཁྱད་ལྡན་ཅན། གསར་གཏོད་ཅན་བཅས་ཀྱི་ཁེ་ལས་སྐྱེད་སྲིང་གི་ལོ་གསུམ་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་འབྲེལ་ཐག་ཁེ་ལས་གཙོ་བོ་དང་། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་བཅས་ཀྱི“བྱེད་པོ་རིགས་གསུམ”རིམ་པས་སྐྱེད་སྲིང་བྱས་ཏེ་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་ལ་བརྟེན་ནས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རིན་ཐང་འབྲེལ་ཐག་སྤྱི་ཡོངས་ནས་མཐོ་རུ་གཏོང་བར་འདེགས་སྐྱོར་བྱེད་བཞིན་ཡོད། ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། འཁོར་འབྲེལ་གསབ་པ། འཁོར་འབྲེལ་སྟོབས་ཆེར་གཏོང་བ་བཅས་ཤུགས་རྒྱག་ས་གཙོ་བོར་བྱེད་པ་དང་། “ཚོང་འགུགས་མ་འདྲེན་གྱི་འགག་སྒྲོལ་ལོའི་བྱེད་སྒོ”ཏན་ཏིག་ངང་སྤེལ་བ། ཁེ་ལས་དེ་བས་མང་བས་མ་འཇོག་བྱེད་པའི་ཡིད་དབང་འགུགས་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ལེགས་ཕྱོགས་སུ་འཕེལ་བ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྟོབས་ཤུགས་སྣོན་བཞིན་ཡོད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)