འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་27ཉིན།

༄༅།།སྐར་མ་མིག་དམར་ཐོག་ནས་འདི་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་27ཉིན། 14:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཧྥ་རན་སེའི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་ཚོགས་པས། སྐར་མ་མིག་དམར་ཐོག་ཏུ་ཕྲེང་རིང་སྐྱེ་ལྡན་ཆ་རྡུལ་ཝོན་ཐ་པ་དང་། དངོས་ ཝོན་བཅུ་གཅིག་པ་དང་ཝོན་བཅུ་གཉིས་པ་བཅས་ཐོག་མར་འཚོལ་ཞིབ་བྱུང་བ་རེད། ཆ་རྡུལ་འདི་དག་ཐོག་མར་ཕྲེང་རིང་སའོ་སྐྱུར་གྱི་རྣམ་པའི་ཐོག་ནས་འདམ་རྡོའི་ནང་དུ་སྦས་ཡོད་ངེས། དེའི་ནང་ཐཱན་མ་རྡུལ་12འདུས་པའི་ཝན་བཅུ་གཉིས་པ་ནི་ཚན་རིག་པ་རྣམས་ཀྱིས་ད་ལྟའི་བར་དུ་སྐར་མ་མིག་དམར་ནས་རྙེད་པའི་སྐྱེ་ལྡན་ཆ་རྡུལ་རིང་ཤོས་རེད། འབྲེལ་ཡོད་ཞིབ་འཇུག་དེ་ཚེས་24ཉིན་པར་སྐྲུན་བྱས་པའི《ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་དུས་དེབ》ཐོག་སྤེལ་ཡོད།