འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་7ཉིན།

༄༅།།ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་གསོན་ཤུགས་ལྡན་པ།

པང་ཧ་ཉི·མ་དབྱི་མེ་ལེ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་07ཉིན། 10:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཀྲུང་གོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་སྐབས་རྒྱལ་ཁབ་གཞན་གྱི་བྱེད་སྟངས་ལ་ལད་མོ་མ་བྱས་པར། ཀྲུང་གོའི་ལོ་རྒྱུས་རིག་གནས་སྲོལ་རྒྱུན་དང་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པས། རྒྱལ་ཁབ་གཞན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དམངས་གཙོ་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཕན་ཡོད་ཀྱི་དཔྱད་གཞི་བཏོན་ཡོད།

     ལོ་རྒྱུས་ཀྱི་རིག་གནས་དང་། མི་རིགས་ཀྱི་སྲོལ་རྒྱུན། སྤྱི་ཚོགས་ཀྱི་ཁོར་ཡུག་བཅས་མི་འདྲ་བའི་ཁྲོད་དམངས་གཙོ་འཕེལ་རྒྱས་གཏོང་བར་དེའི་མཚོན་ཚུལ་གྱི་རྣམ་པའང་མི་འདྲ་བ་ཡོད། ང་ཚོས་རྒྱལ་ཁབ་གཅིག་གི་དམངས་གཙོའི་གནས་སྟངས་སྐོར་ལ་བགྲོ་གླེང་བྱེད་སྐབས། རྒྱལ་ཁབ་དེའི་དོན་དངོས་གནས་ཚུལ་ནས་གླེང་དགོས་པ་མ་ཟད། རྒྱལ་ཁབ་ཁག་གིས་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་དགོས་ལ། རྒྱལ་ཁབ་ཁག་གིས་རང་ཚུགས་རང་བདག་གི་དམངས་གཙོ་གདམ་ག་བྱས་ནས་མངོན་འགྱུར་བྱེད་པའི་ཐབས་ལམ་གྱི་ཁེ་དབང་ལའང་བརྩི་འཇོག་བྱེད་དགོས།

    ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་དམངས་གཙོ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིཌ་ཁག་བཅས་སུ་ཁྱབ་པར་བྱས་པས་མི་དམངས་རང་ཁྱིམ་རང་བདག་མངོན་འགྱུར་དངོས་འབྲེལ་བྱུང་ཡོད། ཀྲུང་གོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་རྒྱ་ཁྱབ་ཀྱི་ཆབ་སྲིད་བྱ་བར་ཞུགས་པའི་ལས་སྟེགས་ཤིག་བཏོད་ཡོད་ལ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་རིགས་ཁག་དང་ལས་རིགས་ཁག་ནས་འོང་སྟེ་མི་དམངས་ཀྱི་འདོད་འདུན་གང་ལེགས་མཚོན་པར་བྱེད་ཀྱི་ཡོད། ཀྲུང་གོས་ཆབ་སྲིད་གྲོས་མོལ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་དང་གྲོས་མོལ་བྱས་ནས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་པར་བརྟེན་སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། ནུས་ལྡན་གྱི་ལམ་ལུགས་འཆར་འགོད་བྱས་ནས་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཀྱི་འབོད་སྒྲ་རྒྱ་ཁྱབ་ངང་ཉན་ཏེ་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

    ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དེ་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་རྩ་བ་ཚུགས་ཡོད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱིས“གནམ་འོག་སྤྱི་སྙོམས”ཀྱི་སྤྱི་ཚོགས་ཀྱི་ཕུགས་བསམ་དང་། “དམངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པའི”རྒྱལ་ཁབ་བཅོས་སྐྱོང་གི་འདུ་ཤེས་དང་དེ་བཞིན་བར་ཁྱད་ལ་བརྩི་འཇོག་དང་། གྲོས་མོལ་ལ་གཙིཌ་ཆེན་བྱེད་པ། འཆམ་མཐུན་དོན་གཉེར་བཅས་ཀྱི“མཉམ་འགྲོགས”ཀྱི་བསམ་བློ་བཅས་གོང་དུ་བཀུར་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་ཐུན་མོང་གི་ངོས་འཛིན་དང་། འཆམ་མཐུན། བསྟུན་མཁས། མཐུན་སྒྲིལ་བཅས་ཡོང་བ་དོན་གཉེར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ཆ་ཆེ་ཤོས་འཚོལ་ཞིབ་བྱེད་པ་དག་ལས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་མངོན་ཡོད།

    ཀྲུང་གོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་སྐབས་རྒྱལ་ཁབ་གཞན་གྱི་བྱེད་སྟངས་ལ་ལད་མོ་མ་བྱས་པར། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པས། རྒྱལ་ཁབ་གཞན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དམངས་གཙོ་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཕན་ཡོད་ཀྱི་དཔྱད་གཞི་བཏོན་ཡོད། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པ་དང་། མི་དམངས་ཀྱི་འདོད་འདུན་གང་ལེགས་མཚོན་པ། སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ནི་སྤྱོད་གོ་ཆོད་པའི་དམངས་གཙོ་ཞིག་རེད།(རྩོམ་པ་པོ་ནི་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་རྒྱལ་སྤྱིའི་འབྲེལ་བ་དང་རོགས་ཟླ་པུའུ་ཡི་ཀྲུའུ་རེན་ཡིན)