འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་7ཉིན།

༄༅།།རི་པིན་གྱི་2025ལོའི་ནོར་སྲིད་ལོ་འཁོར་སྔོན་རྩིས་བསྡོམས་འབོར་དང་འགོག་སྲུང་སྔོན་རྩིས་གཉིས་
ཀས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་07ཉིན། 10:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར།

 

   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའུ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། རི་པིན་གྱི་རྒྱལ་ཚོགས་ཀྱིས་2025ལོའི་ནོར་སྲིད་ལོ་འཁོར་སྔོན་རྩིས་གྲོས་གཞིར་གྲོས་འཆམ་བྱུང་བ་དང་སྔོན་རྩིས་བསྡོམས་འབོར་དང་འགོག་སྲུང་སྔོན་རྩིས་གཉིས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། དེའི་ཐད་སྲིད་དབང་བཟུང་མེད་པའི་ཏང་རི་པིན་གུང་ཁྲན་ཏང་གིས་འགོག་སྲུང་སྔོན་རྩིས་ཆེས་ཆེར་འཕར་བ་དེས་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྔོན་རྩིས་ཐད་གནོན་ཤུགས་སྤྲད་ཡོད་ཅེས་སྐྱོན་བརྗོད་བྱས།

    རི་པིན་གྱི་2025ལོའི་ནོར་སྲིད་ལོ་འཁོར་སྔོན་རྩིས་བསྡོམས་འབོར་རི་པིན་གྱི་སྒོར་མོ་དུང་ཕྱུར་ཁྲི་115.1978(ཨ་སྒོར་1ལ་རི་པིན་གྱི་སྒོར་མོ་149ཙམ་ཡིན་པ)ཟིན་ནས་2023ལོའི་ནོར་སྲིད་ལོ་འཁོར་སྔོན་རྩིས་བསྡོམས་འབོར་རི་པིན་གྱི་སྒོར་མོ་དུང་ཕྱུར་ཁྲི་114.38ཡི་ཟིན་ཐོ་གསར་པ་བཏོད་ཡོད། ནོར་སྲིད་ལོ་འཁོར་གསར་པའི་འགོག་སྲུང་སྔོན་རྩིས་རི་པིན་གྱི་སྒོར་མོ་དུང་ཕྱུར་ཁྲི་8.7ཙམ་འཕར་ནས་ན་ནིང་བཏོད་པའི་རི་པིན་གྱི་སྒོར་མོ་དུང་ཕྱུར་ཁྲི་7.9496ཡིན་པའི་ཟིན་ཐོ་གསར་པ་བཏོད་ཡོད།